| | e-texts navigator
|
82b1 རྒྱ་གར་སྐད་དུ། རྒྱ་ཚིག་བཀྲོལ་བ། ཨཱ་ལོ་ག་བྷ་བ་ས་པུཊ་མྲྀ་ཏ་སུ་ར་བིནྡ་ས་སཱ་རཱ་དྱནྟ་ཙྪེ་ད་ན་ཏནྟ། བོད་སྐད་དུ། སྣང་སྲིད་ཁ་སྦྱོར་བདུད་རྩི་ཆུ་ཐིག་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
82b2 བཅོམ་ལྡན་འདས་མཚོན་མེད་བརྗོད་ལས་འདས་པའི། སེམས་ཉིད་སྐྱེ་མེད་ཀུན་བཟང་ཀློང་ལ་ཕྱག་འཚལ་ལོ།། བརྟགས་སྣང་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་གོ་ཞིང་བཤད་པའི་དུས
82b3 གཅིག་ན། འོག་མིན་གྱི་གནས་མཐའ་དང་དབུས་མེད་པའི་གཞལ་ཡས་ཁང་ན། ཆོས་ཉིད་སྟོང་ར་ཀུན་གཞི་གད་ལ་ཁྱབ་ཆེན་པོའི་དཀྱིལ་འཁོར་དེར། རིན་པོ་ཆེ་འོད་སྤྲང་པ་འོད་འཕྲོ་འདུ་དང་འཕེལ་འགྲིབ་མེད
82b4 པའི་གནས་དེ་ན། སྙིང་པོ་དོན་གྱི་སྐུ་གསུམ་འདི་ལྟར་བཞུགས།། བསམ་བརྗོད་སྔོ་ལས་འདས་པའི་མཚོན་མེད་ཆོས་སྐུ་དང་།། འགག་མེད་བསམ་ལས་འདས་པའི་ལོངས་སྤྱོད་རྫོགས་སྐུ་དང་། ཐུགས་རྗེ་ཀུན་ཁྱབ
82b5 དྲན་མེད་སྦྲུལ་སྐུ་གསུམ།། སྟོན་པ་ཕུན་སུམ་ཚོགས་པའོ།། དེ་ཡི་དྲུང་དུ་འཁོད་པའི་འཁོར་ཡང་འདི་ལྟ་སྟེ། དོན་གྱི་འཁོར་དང་། ཡེ་ནས་གནས་པའི་འཁོར་དང་། དུས་གསུམ་གྱི་འཁོར་རོ།། དོན་གྱི་འཁོར་ནི་འདི
82b6 ལྟར་ཏེ། སེམས་ཉིད་སྐྱེ་བ་མེད་པ་ལ། རིག་པ་འགག་པ་མེད་པའི་འཁོར་དང་། ཆོས་ཉིད་འགྱུར་བ་མེད་པ་ལ། ཡིད་འགྱུ་སྣ་ཚོགས་ཀྱི་འཁོར་དང་། སེམས་ཉིད་གཉིས་སུ་མེད་པ་ལ། གཟུང་འཛིན་གཉིས་སྣང
iiif viewer powered by OpenSeadragon
82a - 83a