e-texts navigator
Collection
Volume
Page
Wylie

76a1 བསྒྲུབ་པའི་གོལ་ས་ཡིན། ཡང་ཏི་ནག་པོའི་ལྷ་བསྒོམ་ནི།། རིག་པའི་ཡེ་ཤེས་ཐམས་ཅད་ལྷ།། རིག་པའི་ལྷ་ལ་མདུན་རྒྱབ་མེད།། ཡབ་ཡུམ་གཉིས་སུ་ཕྱི་ནང་མེད།། ཕྱི་ནང་མེད་པའི་ཐིག་ལེའོ།། དེ
76a2 ནི་དོན་གྱི་དཀྱིལ་འཁོར་ཡིན།། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ལྷ་བསྒོམ་པའི་ལེའུ་སྟེ་བཅུ་པའོ།། །། གསང་སྔགས་བཟླའ་རུ་མེད་པ་ནི།། མི་གསུང་མཉམ་པར་ཤེས་པ་ནི།། དེ་ནི
76a3 སྔགས་ཀྱི་ཏིང་འཛིན་ཡིན།། ཐིག་ལེ་རུ་ཆུག་ངོ་ངོ་སྤྲོད་དང་པོ་ཡོད་དམ།། འཁྲུལ་པའི་རྩ་བ་གཏིང་ནས་ཟོན།། ལྷག་མཐོང་རིག་པའི་འཁོར་ལོ་བསྐོར།། དེ་ནི་ངོ་སྤྲོད་གཉིས་པའོ།། ང་ངོ་སྤྱོད་གསུམ་པ་ཡོད
76a4 དམ།། ཡིད་ཕུང་ཟག་པ་ནག་པོ་རྩད་ནས་ཆོད།། རིག་པ་གོས་དང་དཔྲལ་བའོ།། དེ་ནི་ངོ་སྤྲོད་བཞི་པའོ།། ཡང་ནི་བར་དོའི་རྐྱེན་གསུམ་བསྟན།། སྣང་བ་ངོ་སྤྱོད་བླ་མའི་ངག། རིག་པ་གཅིག་པུར་བཟུང་བ
76a5 དང་།། རིག་པ་གོས་དང་དཔྲལ་བ་དང་།། གཟུང་འཛིན་ཞགས་པ་བཅད་པའོ།། འབྲིང་དང་ཐ་མའི་མན་ངག་གོ།། རབ་ཀྱི་དཔེ་ཡང་རྣམ་གསུམ་སྟེ།། རྒྱ་མཚོའི་ལྦུ་བ་ནམ་མཁའི་སྤྲིན།། ཨུཏྤ་ལ་ཡི་མདོག་བཞིན
76a6 ནོ།། ཡང་ན་དཔེ་གཅིག་འདི་ལྟ་སྟེ།། པ་ན་ས་ཡི་འབྲས་བུ་བཞིན།། གཞི་ལས་འདས་པ་མེད་པའོ།། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། གནས་ལུགས་ལ་ངོ་སྤྲད་པ་དང་མ་གྲོལ་བ་གྲོལ་བར་བྱ




iiif viewer powered by OpenSeadragon

75b - 76b

Texts on this page

Gpb003.008 - 'jam dpal 'dus pa'i rgyud