| | e-texts navigator
|
309b1 བསྒོམ།། ཡོ་ག་པ་ཡི་ལྟ་བ་ནི།། སྐྱེ་འགག་གཉིས་མེད་བྱང་ཆུབ་རྣམ་ལྔ་བསྒོམ།། མ་ཧཱ་ཡོ་གའི་ལྷ་སྒོམ་ནི།། སྣང་སྟོང་གཉིས་མེད་ཏིང་འཛིན་རྣམ་གསུམ་བསྒོམ།། ཨ་ནུ་ཡོ་གའི་ལྷ་སྒོམ་ནི།། དབྱིངས་དང་ཡེ་ཤེས་མ
309b2 བསྐྱེད་རྫོགས་ཚུལ་བསྒོམ།། ཨ་ཏི་ཡོ་གའི་ལྷ་བསྒོམ་ནི།། སྣང་སྲིད་ཆོས་སྐུ་སྟོང་པ་ཧད་པོར་བསྒོམ།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། ཐེག་པའི་ལྷ་སྒོམ་བསྟན་པའི་ལེའུ་སྟེ་བཅུ་དྲུག
309b3 པའོ།། །། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། དགུ་ལས་སྠི་ཏི་གང་གིས་སྦགས།། ཞེས་ཞུས་པ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་མེད་ཀ་དག་སྤགས་དང
309b4 མ་སྦགས་མེད།། བློ་ཁྱད་དགུ་རྩེའི་སྤྱི་རྗེའི་སྦགས་ཚུལ་ནི།། ཀ་དག་བློ་འདས་ཞེ་འདོད་རྟེན་མེད་ཀྱི།། ཕྱོགས་བྲལ་ལྟ་བ་དགུ་ལས་སྤགས།། ཡིད་སེམས་གཡོ་འགུལ་གང་ལའང་བསམ་བསྒོམ་མེད།། དྲན་སེམས
309b5 གང་ལ་མི་སྐྱེ་བསྒོམ་པའི་རྒྱལ་པོ་སྦགས།། གང་ཡང་མ་ཆགས་ཡིད་སྨོན་བློ་ལས་འདས།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། དགུ་ལས་སྠི་ཏི་འཕགས་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ
309b6 ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། དགུ་རྩེ་རྟོགས་ན་གོལ་སྒྲིབ་ཡོད་དམ་མེད།། ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྤྱི་རྗེ་བློ་འདས་འདི་རྟོགས་ན།། གོལ་སྒྲིབ
iiif viewer powered by OpenSeadragon
309a - 310a