e-texts navigator
Collection
Volume
Page
Wylie

295a1 ཞིང་མིང་མེད་པས།། ཐ་སྙད་བརྒྱད་ཁྲི་བཞི་སྟོང་མ་ལུས་རྫོགས།། སྤང་ལེན་ཆགས་སྡང་དབྱེ་བསལ་གཉིས་མེད་པས།། ཡོད་མེད་རྟག་ཆད་འགྲོ་བ་རིགས་དྲུག་རྫོགས།། ལྟ་བ་ཚིག་བྲལ་ཕྱོགས་རིས
295a2 མེད།། བློས་བཏགས་ལྟ་བ་མ་ལུས་རྫོགས།། ཡེ་དག་མ་བཅོས་དང་དག་པས།། ཐ་མལ་དྲན་བསམ་འགྱུ་བ་བྲལ།། ཡིད་བཟུང་སྒོམ་པ་མ་ལུས་རྫོགས།། རང་བྱུང་རྣམ་དག་མ་བཅོས་པར།། ལུས་ངག་ཡིད་གསུམ
295a3 རྩོལ་མེད་དེ།། མ་ཆགས་མ་བཙལ་ཀློང་ཡངས་སུ།། ཆེད་བྱས་སྤྱོད་པ་མ་ལུས་རྫོགས།། ཡེ་སངས་སྙིང་པོའི་བཅུད་འདུས་པས།། སྤང་ཐོབ་མེད་པའི་ཐིག་ལེ་རུ།། ཡིད་སྨོན་འབྲས་བུ་མ་ལུས་རྫོགས།། ལྟ་བ་སྟོང
295a4 གསལ་འགྱུར་བ་མེད།། སྒོམ་པ་འོད་གསལ་དམིགས་པ་མེད།། སྤྱོད་པ་བྱར་མེད་ཆགས་སྡང་མེད།། འབྲས་བུ་ཀ་དག་ཡིད་སྨོན་མེད།། གནད་གཅིག་གིས་ནི་གནད་རྣམས་ཐམས་ཅད་གྲོལ།། དོན་གཅིག་གིས་ནི
295a5 དོན་རྣམས་ཐམས་ཅད་གཏན་ལ་འབེབས།། བརྡའ་གཅིག་གིས་ནི་བརྡའ་རྣམས་ཐམས་ཅད་གྲོལ།། ཚིག་གཅིག་ཤེས་པས་ཐ་སྙད་མ་ལུས་ཤེས།། ཐེག་པ་གཅིག་གི་སྒོར་ཞུགས་རྟོགས་པ་ཡིས།། བརྒྱད་ཁྲི་བཞི་སྟོང
295a6 རྟོགས་པའི་མན་ངག་ཡིན།། ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི།། བཙལ་བས་རྙེད་པའི་གནས་མེད་དོ།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། བཟུང་བས་མི་ཟིན་ཆུ་ཟླ་འདྲ།། བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ།། གཅིག




iiif viewer powered by OpenSeadragon

294b - 295b

Texts on this page

Gpb003.020 - thugs kyi yang snying dgongs pa'i bcud 'dus pa / bka' rgyud rnams kyi gsang don bcud dril ba ma rig mun sel nyi zla 'bar ba'i rgyud