e-texts navigator
Collection
Volume
Page
Wylie

274a1 དུས་པ་ཡི་རྒུད་འདི་འབྱུང་།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། བསྟན་པ་འབྱུང་དུས་བསྟན་པའི་ལེའུ་བྷ་ཉེར་གཉིས་པའོ།། །། རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་བདུད
274a2 བཅུད་ཐིགས་སྒྲོན་མ་བརྩེགས་པའི་རྒྱུད་རྫོགས་སོ།། །། ཨུ་རྒྱན་པདྨས་བཤད་ལོཙྪ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གདམས་སོ།། གཏེར་རྒྱ། ཟབ་རྒྱ། སྦས་རྒྱ། ཊ་ཊ
274a3 རྒྱ།། ། @#།། རྒྱ་གར་སྐད་དུ། ཧྲྀ་ད་ཡ་སུ་ར་ར་ཤི་ག་ག་ནཉྫབརྡྷ་བིསྟཱ་ར་ཏནྟ། བོད་སྐད་དུ། སྙིང་པོ་བཅུད་སྤངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད། སྔོན་གནས་ཡེ་ཐོག་མའི་སངས་རྒྱས་ལ
274a4 ཕྱག་འཚལ་ལོ།། འདི་སྐད་བདག་གིས་རྟོགས་པའི་དུས་གཅིག་ན། འོག་མིན་གྱི་གནས། སེམས་ཉིད་བརྡལ་བ་ཆེན་པོའི་ཞིང་ཁམས། ཀུན་གཞི་ཆོས་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་དཔལ་གསང་བའི
274a5 བདག་པོ་བཞུགས་སོ།། ཡན་ལག་རྩལ་གྱི་འཁོར་འདི་ལྟ་སྟེ། འོད་དང་ཟེར་ཡན་ལག་ཤེས་རིག་ཡིད་སེམས་དྲན་རྟོག་བློ་ཡི་འཁོར་རོ།། རང་བྱུང་གི་འཁོར་ཡང་འདི་ལྟ་སྟེ། གཏི་མུག་དང་། ཞེ་སྡང་དང་། འདོད
274a6 ཆགས་དང་། ང་རྒྱལ་དང་། ཕྲག་དོག་གོ།། རང་བཞིན་གྱི་འཁོར་དང་། རང་བཞིན་རྟོག་པའི་འཁོར་རོ།། ཡེ་ནས་གནས་པའི་འཁོར་ཡང་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའོ།། སེམས




iiif viewer powered by OpenSeadragon

273b - 274b

Texts on this page

Gpb003.018 - bdud rtsi bcud thigs sgron ma brtsegs pa'i rgyud
Gpb003.019 - snying po bcud spungs nam mkha' klong yangs kyi rgyud