e-texts navigator
Collection
Volume
Page
Wylie

271a1 སྐད་ཅིག་ཉིད་ལ་མངོན་སངས་རྒྱས།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། མ་འདྲེས་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅོཾ་ལྔ་པའོ།། །། དེ་ནས་ངང་དངས་ཁྱེའུ་ཆུང
271a2 གིས།། དམ་པ་དང་པོ་ཀུན་བཟང་ལ།། མ་བྱས་རང་བྱུང་མཚོན་མེད་པས།། བྱར་མེད་བློ་འདས་ཐེག་པ་གང་།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། མ་བྱས་རང་བྱུང་རྩོལ་མེད་སེམས།། གདོད
271a3 ནས་དག་པའི་ཆོས་སྐུ་ཉིད།། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ངག་ཏུ་བརྗོད་པ་ཀུན་ལས་གྲོལ།། མཚོན་དུ་མེད་པའི་བརྗོད་པའི་མཆོག། མ་སྐྱེས་ཆོས་ཉིད་སེམས་ལས་འདས།། དངོས་མེད་འདོད་བྲལ་བློ་འདས
271a4 ཡིན།། རང་བྱུང་དང་དངས་བློ་ལས་འདས།། སྙིང་པོ་ཆོས་ཉིད་བློ་ལས་འདས།། བྱར་མེད་བཤད་མེད་མཚོན་དུ་མེད།། རྩོལ་མེད་བསམ་བྲལ་ཀ་ནས་དག། དེས་ན་མཚོན་མེད་བློ་ལས་འདས།། བྱས་པའི་ཆོས་ནི
271a5 དུས་བྱས་ཡིན།། འདུས་བྱས་ཆོས་ཀྱི་སངས་མི་རྒྱུ།། བཤད་པའི་ཆོས་ནི་ཐ་སྙད་ཡིན།། བླ་དགས་ཚིག་གིས་སངས་མི་རྒྱ།། བློ་བཏགས་ཆོས་ནི་འཁྲུལ་པ་ཡིན།། འཁྲུལ་པའི་ཆོས་ཀྱིས་སངས་མི་རྒྱུ།། བསྒྲུབ་ཆོས
271a6 རྩོལ་བསྒྲུབ་ཡིད་སྨོན་ཡིན།། ཡིད་སྨོན་ཆོས་ཀྱིས་སངས་མི་རྒྱ།། རྩོལ་བསྒྲུབ་མེད་པའི་ཆོས་ཤིག་དགོས།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། བྱར་མེད་མཚོན་མེད་བློ་ལས་འདས་པའི་ལེའུ་སྟེ་བཅུ




iiif viewer powered by OpenSeadragon

270b - 271b

Texts on this page

Gpb003.018 - bdud rtsi bcud thigs sgron ma brtsegs pa'i rgyud