| | e-texts navigator
|
267a1 ལྟོས་པས།། མན་ངག་སྡེ་ཡི་ཐབས་ལས་སྤགས།། དེ་ལྟར་ཅིར་ཡང་སྣང་དུས་ན།། དེ་དག་གང་ལའང་མ་བཀག་ལ།། གྲངས་ཅན་དུམ་བུ་བསྒྲུབས་པས་ནི།། ཀུན་གྱི་མུ་མཐའ་རང་སར
267a2 གྲོལ།། རང་གྲོལ་ཕྱོགས་སུ་རྒྱ་མ་ཆད།། གཉིས་ཀའི་ཕྱོགས་སུ་རྒྱ་མ་ཆད།། གཉིས་མེད་ཕྱོགས་སུ་རྒྱ་མ་ཆད།། མ་གྲོལ་བ་ནི་གྲོལ་བས་བཀྲོལ།། གྲོལ་བ་མ་གྲོལ་བ་ཡིས་བཀྲོལ།། གཉིས་ཀ་གཉིས་སུ་མེད་པར
267a3 བཀྲོལ།། གཉིས་ཀ་མེད་པར་གཉིས་ཀ་བཀྲོལ།། དེ་ལྟར་གཅིག་གིས་གཅིག་བཀྲོལ་བས།། རང་གྲོལ་ཡེ་གྲོལ་ཡོངས་གྲོལ་དང་།། གཅེར་གྲོལ་མཐའ་གྲོལ་བླ་མེད་པས།། དགུ་རྩེ་སྤྱི་ཏི་ཡང་ཏི་སྦགས།། ཞེས
267a4 གསུངས་སོ།། སྒྲོན་བརྩེགས་པའི་རྒྱུད་ལས། སྠི་ཏི་ཆོས་ཐམས་ཅད་ལས་སྦགས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། སྠི་ཏིའི་དཀྱིལ
267a5 འཁོར་ཇི་ལྟར་སྤགས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། མ་བྲིས་ཁྱབ་བརྡལ་དཀྱིལ་འཁོར་ནས།། མཁའ་དབྱིངས་རྣམ་དག་ཕྱོགས་བྲལ་དེར།། བརྡལ་ཁྱབ་རྟག་ཆད་ས་གཞི་ལ།། མི་འགྱུར
267a6 དྲང་པོའི་ཐིག་བཏབ་ནས།། དཀར་སེར་དམར་ལྗང་ཡེ་ནས་བཀོད།། ཕྱོགས་བཞི་མཚམས་བཞི་ཡེ་ནས་དག། སྐྱེ་ཤི་རྩད་གཅོད་སྒོ་བཞི་ལ།། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཏེ།། ཚད་ལས་འདས་པའི་ཡངས་པ
iiif viewer powered by OpenSeadragon
266b - 267b