| | e-texts navigator
|
266b1 འདས་པས།། མངོན་ཞེན་ཐ་དད་ཡུལ་ལས་སྤགས།། ཚིག་གིས་མཚོན་བརྗོད་ཡུལ་འདས་པས།། ཐེག་པའི་གྲུབ་མཐའ་རྣམས་ལས་སྤགས།། ཤེས་རྟོགས་སྤྱད་ཡུལ་མ་ཡིན་པས།། ཡིད་དཔྱོད་བྱས་བཅོས་ཆོས་ལས
266b2 སྦསྤགས།། སྣང་སྟོང་ཕྱོགས་འཛིན་མཐའ་འདས་པས།། རྟག་ཆད་ལོག་ལྷའི་ཡུལ་ལས་སྤགས།། ཉོན་མོངས་མཐའ་ལས་རང་གྲོལ་བས།། བླང་དོར་དཀའ་སྤྱད་རྣམས་ལས་སྦགས།། ལས་དང་བག་ཆགས་མཐའ
266b3 སྤངས་པས།། རྒྱུ་རྐྱེན་རྣམ་སྨིན་ཆོས་ལས་སྤགས།། གཅོད་པའི་ཤེས་རབ་ལས་འདས་པས།། རང་རིག་རང་གསལ་སེམས་ལས་སྤགས།། ས་ལམ་བདེན་གཉིས་དངོས་དག་པས།། སྤང་ཐོབ་རྒྱུ་ཡི་ཆོས་ལས
266b4 སྦསྤགས།། སྐུ་དང་ཡེ་ཤེས་ལས་གྲོལ་བས།། བཟང་ངན་རེ་དོགས་ཆོས་ལས་སྤགས།། མ་བྱས་མ་བཅོས་དེ་ཁོ་ན།། མི་འཇུག་མི་བལྟ་བསྒོམ་མི་བྱེད།། མི་བཙལ་མི་སྤྱད་བསྲུང་སྡོམ་མེད།། དཀྱིལ་འཁོར་ལྷ་བོད
266b5 མཆོད་བསྟོད་མེད།། དབང་དང་དངོས་གྲུབ་སྨོན་འབྲས་མེད།། རྩོལ་སྒྲུབ་བྱ་བྱེད་ལས་འདས་པའི།། ཕྱི་ནང་འབྲས་བུའི་ཆོས་ལས་འདས།། ཀ་དག་ལྷུན་གྲུབ་ངེས་མེད་ཀྱི།། གཞི་ཡི་ཕྱོགས་ཆ་མིང་མེད་པས།། ཨ་ཏི
266b6 ཁ་འབྱམས་ཆོས་ལས་སྦགས།། རང་བྱུང་ཡེ་ཤེས་དངོས་སྟོང་པས།། སེམས་སྡེ་དགོངས་པའི་ཆོས་ལས་སྦགས།། ཀུན་བཟང་ཀློང་ཆེན་མུ་མེད་པས།། ཀློང་སྡེ་རབ་འབྱམས་དོན་ལས་སྦགས།། ལུས་ངག་གནད་ལ་མི
iiif viewer powered by OpenSeadragon
266a - 267a