e-texts navigator
Collection
Volume
Page
Wylie

262a1 མ་བྱས་པས།། འཁོར་འདས་བྱ་བ་ཐམས་ཅད་རྫོགས།། ཚོགས་བརྒྱད་ཅི་ཡང་མ་བསམ་པས།། སྤྲོས་པ་མ་ལུས་དབྱིངས་སུ་ཆོད།། འཁོར་བ་གང་ཡང་མ་བགྲོད་པས།། ཡང་དག་ཆོས་ཉིད་བྱང་ཆུབ
262a2 ས།། མཐའ་བཞི་གང་ཡང་མ་བལྟས་པས།། བླ་མེད་སྤྱི་ཏིའི་ལྟ་བ་རྫོགས།། ཆོས་ཀུན་གང་ཡང་མ་བསྒོམས་པས།། ཆོས་ཉིད་རྣལ་མ་ཟང་ཀའི་ངང་།། དུས་ཕྱོགས་གང་ནས་མ་བཙལ་བས།། ཡོན་ཏན་མ་ལུས་ལྷུན
262a3 གྱིས་གྲུབ།། སྒྲ་བརྗོད་ཅི་ཡང་མ་བཟླས་པས།། རྒྱལ་བ་མ་ལུས་ཀུན་སྲོག་ཐོན།། གཉིས་འཛིན་གང་ཡང་མ་བསྒྲུབས་པས།། བསྒྲུབ་བྱའི་ཆོས་ཀུན་མ་ལུས་རྫོགས།། བླ་མེད་ཨ་ཏིའི་དོན་རྟོགས་པས།། རེ་མེད་རང
262a4 གནས་འབྲས་བུར་གྲོལ།། སྐུ་གསུམ་དུར་དུ་བསྐྱལ་བ་ནི།། ཕྱི་ལྟར་འཁོར་འདས་ཆོས་རྣམས་ཀུན།། སྟོང་དང་སྣང་དང་གཉིས་མེད་གསུམ།། དབྱེར་མེད་དབྱིངས་ཀྱི་དུར་དུ་བསྐུལ།། ནང་ལྟར་སངས་རྒྱས་འབྲས་བུ
262a5 ནི།། ཆོས་སྐུ་ལོངས་སྒྲ་སྦྲུལ་སྐུ་གསུམ།། རེ་མེད་རང་གནས་དུར་དུ་བསྒྲལ།། གསང་བ་བླ་མེད་སྐུ་གསུམ་ནི།། སྙིང་པོ་འོད་གསལ་རང་དངས་གསུམ།། ཆོས་མེད་གཏིང་ཡངས་དུར་དུ་བསྐུལ།། རྒྱ་ཆད་ཆོས་ཀུན
262a6 མཐའ་གྲོལ་བ།། དེ་ལྟར་བསྟན་པ་མ་ལུས་ཀུན།། ང་ཡི་བླ་མེད་སྤྱི་ཏི་འདིར།། སྣང་དང་སྟོང་པ་གཉིས་ཀ་དང་།། གཉིས་མེད་ཕྱོགས་སུ་རྒྱ་མ་ཆད།། དེ་ཡང་གཅིག་གིས་གཅིག་བཀྲོལ་བས།། བདེན་པ་མཐའ་མཉམ




iiif viewer powered by OpenSeadragon

261b - 262b

Texts on this page

Gpb003.018 - bdud rtsi bcud thigs sgron ma brtsegs pa'i rgyud