e-texts navigator
Collection
Volume
Page
Wylie

261a1 བསྔལ་རྣམས།། སྐྱེ་མེད་བདེ་ཆེན་དམག་གིས་གཞོམ།། ཡེ་ནས་སྤང་མེད་ཡེ་ཤེས་ཀློང་།། གསང་བའི་གྲོང་ཁྱེར་འཁོར་ལོ་གསུམ།། བཏགས་ཆགས་ཞེན་གསུམ་གྲུབ་མཐའ་རྣམས།། མུ་མེད་ཆོས
261a2 འདས་དམག་གིས་གཞོམ།། བསམ་བརྗོད་རྟོག་ཚོགས་མཐའ་ལས་གྲོལ།། ཀུན་སྲོག་དུས་གཅིག་གཅད་ལ་གསུམ།། ཕྱི་ཡི་ཚོགས་དྲུག་ངར་འཛིན་ཡུལ།། རང་སངས་དབྱེར་མེད་རབ་རྟོགས་པས།། གཞན་མིན་ངས
261a3 རྟོགས་ང་རྒྱལ་ཏེ།། བདག་མེད་ཕྱོགས་བྲལ་མཚོན་གྱིས་བཅད།། ནང་གི་ངར་འཛིན་སེམས་རིག་ཡིད།། འགྱུ་མེད་ངང་ཐིམ་དོན་བསྒོམས་པས།། གཞན་མིན་ངས་བསྒོམ་ང་རྒྱལ་ཏེ།། བསམ་འདས་རིས་མེད་མཚོན
261a4 གྱིས་བཅད།། གསང་བའི་ངར་འཛིན་རང་ནས་དོན།། ཡེ་ཡིན་རེ་མེད་དང་གྲོལ་བས།། གཞན་མིན་ངས་ཐོབ་ང་རྒྱལ་ཏེ།། ཆོས་ཟད་མུ་མེད་མཚོན་གྱིས་བཅད།། རི་བོ་ཁྱུར་མིད་བྱ་ལ་གསུམ།། ཇི་ལྟར་རི་བོ་སྣོད
261a5 འཇིག་རྟེན།། མི་འགྱུར་རྟག་ལྟའི་མངོན་ཞེན་ཏེ།། མཐའ་མེད་ནམ་མཁའི་ཀློང་དུ་མིན།། རྟག་ལྷའི་མངོན་ཞེན་རང་སར་དག། ནང་ལྟར་རི་བོ་འཇིག་ཚོགས་ལྷ།། མ་རྟོགས་ལོག་ལྷའི་བདེན་འཛིན་ཏེ།། གནས
261a6 ལུགས་ཀ་དག་ཀློང་དུ་མིན།། ལོག་ལྟ་མིང་མེད་རང་ངོར་སྟོར།། གསང་བའི་རི་བོ་ཆོས་ཉིད་དོན།། ལྷུན་གྲུབ་ཀ་དག་ངེས་མེད་འཛིན།། མཐའ་བཞི་རྒྱ་གྲོལ་ཀློང་དུ་མེད།། བླ་མེད་བློ་འདས་དགུ་རྩེར་ཕྱིན།། ཉི་ཟླ




iiif viewer powered by OpenSeadragon

260b - 261b

Texts on this page

Gpb003.018 - bdud rtsi bcud thigs sgron ma brtsegs pa'i rgyud