| | e-texts navigator
|
244b1 ཅད་གཅིག་ཏུ་འདུས་པའོ།། ཡོངས་ལ་ཁྱབ་ཅིང་ཡོངས་ཀྱི་སྐྱེ་བ་མེད་པའོ།། རྣམ་པར་དག་པ་ལ་གང་ཡང་མ་གྲུབ་པའོ།། ཐིག་ལེ་ཀུན་འདུས་ཀ་དག་གིས་ཁྱབ་པ་མེད་པ། མ་ཁྱབ་པ་མེད་པ། མཐོ་དམན་མེད་པ། ཆེ
244b2 ཆུང་མེད་པ། བཟང་ངན་མེད་པ། ཡངས་དོག་མེད་པ། རྒྱུ་འབྲས་མེད་པ། ཕོ་མོ་མེད་པ། རིགས་རྒྱུད་མེད་པ། གཟུགས་མེད་པ། ལས་རབ་རྣམ་སྨིན་མེད་པ། ཕྱི་ནང་མེད་པ། སྐྱེ་བ་མེད་པ། འཕོ་འགྱུར་མེད་པ།།
244b3 མུན་སྣང་མེད་པ། སྔ་ཕྱི་མེད་པ། མཐའ་དབུས་མེད་པ། བདག་གཞན་མེད་པ། རྩོལ་བསྒྲུབ་མེད་པ། བླང་དོར་མེད་པ། ངང་གིས་མ་བཅོས་པ། ཡོངས་ཀྱིས་འོད་གསལ་བ། མ་བསླད་པ། མ་བྱུང་བ། མ་སྐྱེས་པ་ཡིན
244b4 པའོ།། དེ་ནས་དང་དངས་ཀྱིས་སྟོན་པ་ལ། ཆོས་སྤྱི་དང་ངང་གི་མཚན་ཉིད་ཅི་ཡིན་ཞུས་པ་དང་། སྟོན་པས་བཀའ་སྩལ་པ། སྙིང་པོ་སྐྱེ་མེད་ཀ་དག་ལ། སྣང་བ་དང་། མི་སྣང་བ་དང་། ཡོད་པ་དང་མེད་པ། རྟག་པ
244b5 དང་ཆད་པ། མཐའ་དང་དབུས། སྣང་སྲིད་འཁོར་འདས། སངས་རྒྱས་སེམས་ཅན། ཡུལ་དང་སེམས། བདག་དང་གཞན། དགྲ་དང་གཉེན། སྣང་བཏགས་ཆགས་སྡང་། སྣང་སྟོང་དེ་དག་ཐམས་ཅད་ཀྱང་མཚོན་དུ
244b6 མེད་པ། དཔེ་མེད་པ། སྨྲར་མེད་པ། བརྗོད་པ་ཚིག་གི་ཐ་སྙད་མེད་པ། མིང་ཙམ་འདི་ཞེས་བསྟན་པར་ནི།། ཀུན་ཏུ་བཟང་པོས་མཚོན་དུ་མེད།། དེ་ཡི་ཐིག་ལེ་ཀུན་འདུས་རྟོགས།། ཞེས་གསུངས་སོ།། ཐིག་ལེ
iiif viewer powered by OpenSeadragon
244a - 245a