| | e-texts navigator
|
145a1 འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སངས་རྒྱས་མཛུབ་བཙུགས་གཅེར་མཐོང་དུ་བསྟན་པའི་ལེའུ་སྟེང་དགུ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། ཀུན་བཟང་ཉིད་ལ་འདི
145a2 སྐད་ཞུས།། དེ་ལྟར་གྱུར་ན་ཅི་བྱས་ལྟོ་མི་ལྟོ།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས།། སྙིང་པོ་མ་ལ་མཚན་ཉིད་བུ་ཐིམ་པས།། མ་བུ་ངོ་སྤྲད་དབྱེར་མེད་ཆོས་སྐུ་ཐོབ།། དེ་ཐོབ་བརྟན་པས
145a3 ཅི་བྱས་ཆོས་ཀྱི་ཀློང་།། ཡོན་ཏན་དཔག་མེད་སངས་རྒྱས་ཏེ།། འགྲོ་ཡང་མི་ལྟོ་ཆོས་ཉིད་ཀློང་།། འདུག་ཀྱང་མི་ལྟོ་འགྱུར་མེད་པ།། ཟ་ཡང་མི་ལྟོ་ཏིང་འཛིན་ཟས།། གོན་ཀྱང་མི་ལྟོ་བྱིན་རླབས་གོས།། གདན་ཡང་མི
145a4 ལྟོ་མི་འགྱུར་གདན།། སྔས་ཀྱང་མི་ལྟོ་དངོས་མེད་སྔས།། ཉལ་ཡང་མི་ལྟོ་སྙིང་པོའི་ཀློང་།། གཉིད་ཀྱང་མི་ལྟོ་བདེ་ཆེན་ཀློང་།། ནོར་ཡང་མི་ལྟོ་སེམས་ཉིད་ནོར་བུ་རིན་པོ་ཆེ།། ཡུལ་ཡང་མི་ལྟོ་བསམ་མི་ཁྱབ།། ཁྱིམ
145a5 ཡང་མི་ལྟོ་མཁའ་ཀློང་རྣམ་དག་ཁྱིམ།། གནས་ཀྱང་མི་ལྟོ་སྙིང་པོ་འགྱུར་མེད་གནས།། མཁར་ཡང་མི་ལྟོ་མ་འགགས་བསམ་གཏན་མཁར།། ཡུལ་ཡང་མི་ལྟོ་གཉིས་མེད་ཡུལ།། བུ་ཡང་མི་ལྟོ་རང་བྱུང་རང་དངས
145a6 ཡིན།། འཁོར་ཡང་མི་ལྟོ་མ་འགགས་སྐུ་ལྔ་སེམས་ཀྱི་འཁོར།། ཡུལ་ཡང་མི་ལྟོ་ཀུན་གཞི་སྤྱི་ཁྱབ་ཡུལ།། བསྟན་པའི་སྙིང་པོ་ཡང་ཏི་ཡོ་ག་འདི།། ཐེག་པ་ཀུན་གྱི་སྤྱི་ཡི་མེས་པོ་ཡིན་པར་བཤད།། རིམ་པ་དགུ་ཡི་ཡང
iiif viewer powered by OpenSeadragon
144b - 145b