| | e-texts navigator
|
144b1 ཡིན།། ཆོས་རྣམས་ཐམས་ཅད་སེམས་ལ་འདུས།། སེམས་ཉིད་འགྱུར་མེད་སངས་རྒྱས་ཡིན། ཆོས་རྣམས་ཐམས་ཅད་སེམས་ལ་འདུས།། སེམས་ཉིད་སྐྱེ་མེད་སངས་རྒྱས་ཡིན།། ཆོས་རྣམས་ཐམས་ཅད་སེམས་ལ
144b2 འདུས། སེམས་ཉིད་བརྗོད་མེད་སངས་རྒྱས་ཡིན།། ཆོས་རྣམས་ཐམས་ཅད་སེམས་ལ་འདུས།། སེམས་ཉིད་བསྒྲུབ་མེད་སངས་རྒྱས་ཡིན།། གཡོ་རྩོལ་དགག་བསྒྲུབ་བྱ་བཙལ་སངས།། མ་བཅོས་བྱར་མེད་སྤྲོས་བྲལ
144b3 རྒྱས།། མ་བསམས་མ་བཅོས་མ་བསླད་ན།། ཡེ་ནས་སངས་རྒྱས་ཡིན་པར་གསུངས།། ཡིད་སྤྱོད་སེམས་ཀྱི་དྲན་རྟོག་མཚོན་པ་སངས།། རིག་དང་ཡིད་ཀྱིས་སེམས་པ་མེད་པར་རྒྱས།། ཆགས་མེད་ཞེན་མེད་འཛིན།
144b4 པ་ཐམས་ཅད་སངས།། བསམ་མེད་འགྱུས་མེད་བདེ་ཆེན་ཀློང་དུ་རྒྱས།། སེམས་ཀྱི་འབད་རྩོལ་བློ་ཡིས་བཅོས་ཐབས་སངས།། གཞི་གནས་མ་བཅོས་བྱར་མེད་སྤྲོས་བྲལ་རྒྱས།། སྣང་སྲིད་སེམས་ལ་འདུས་པས
144b5 སངས་རྒྱས་མཛུབ་བཙུགས་ཡིན།། དཔེ་ནི་ནམ་མཁར་གནས་པའི་བྱ།། ནམ་མཁའ་མཐའ་དབུས་ཕྱོགས་མཚམས་མེད།། ཐ་སྙད་ཀུན་ལ་གྲོལ་བར་གནས།། རྟགས་ནི་སེམས་ཉིད་འགག་པ་མེད།། སྣ་ཚོགས་ཅིར
144b6 སྣང་རྫོགས་པ་ལ།། མ་སྤངས་མ་བསྒྲུབས་ཆེན་པོ་ལ།། དོན་ནི་ཆོས་ཉིད་སྐྱེ་བ་མེད།། དངོས་མེད་བརྗོད་མེད་དམིགས་མེད་སྙིང་པོའི་ཀློང་ན་གནས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས།།
iiif viewer powered by OpenSeadragon
144a - 145a