| | e-texts navigator
|
133b1 པ་ཆུ་རུ་ཞུ་བ་འདྲ།། ཆར་པ་མཚོ་ལ་འབབ་པ་འདྲ།། མཁའ་ལ་འཇའ་ཚོན་ཐིམ་པ་འདྲ།། སྤྲིན་རྣམས་ནམ་མཁར་དེངས་པ་འདྲ།། ཆུ་ནང་ཟླ་བ་ཤར་བ་འདྲ།། འོ་མ་ཆུ་དང་འདྲེས་པ་འདྲ།། སྙིང་པོའི་དབྱིངས་སུ་སྣང
133b2 ཚུལ་ཟེར་ཐིམ་པས།། གཞི་ལ་རྩལ་ཐིམ་ཐོག་མར་ཡེ་སངས་རྒྱས།། ཆོས་ཉིད་མ་དང་འཕྲད་པས་འཁྲུལ་པ་རང་སར་གྲོལ།། སྐྱེ་མེད་རང་ས་ཟིན་པའི་སྙིང་པོའི་ཀློང་ནས་ཤར།། རྣམ་རྟོག་རང་སར་གྲོལ་བས་འགྲུར
133b3 མེད་ཆོས་སྐུར་གྱུར།། ངོ་བོ་རང་ས་ཟིན་པས་གསལ་དངས་ཆོས་སྐུའོ།། རང་བཞིན་རང་ས་ཟིན་པས་རང་དངས་ལོངས་སྐུའོ།། ཐུགས་རྗེ་རང་ས་ཟིན་པས་རང་སངས་སྤྲུལ་སྐུའོ།། སྐུ་གསུམ་དབྱེར་མེད་གཅིག་པས
133b4 རང་དངས་ཆེན་པོའོ།། སྐུ་ལྔ་བདེ་བ་ཆེ་བས་མཁའ་གསལ་དང་ཉིད་སྒྲ།། སྒྲ་ལྔ་འགྱུར་མེད་དབྱིངས་ཐིམ་པས།། དབྱེར་མེད་གཏིང་གསལ་ངོ་བོ་ཉིད་ཀྱི་སྐུ།། རང་སེམས་ཆོས་སྐུའི་འབྲས་བུ་ཡིན།། ཐོག་མ་མེད་པའི
133b5 དུས་མཐའ་ནས།། རང་ལ་རང་ཆས་ཡོད་རྟོགས་པས།། སྐུ་ལྔ་རྒྱལ་བའི་ཞིང་ཁམས་སོ།། འབྲས་བུའི་མཆོག་ཏུ་རྒྱལ་བས་གསུངས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག
133b6 མཐའ་གཅོད་པའི་རྒྱུད་ལས། བདུད་རྩི་བཅུད་ཐིགས་འབྲས་བུ་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། མམ་ཀྱ་ཐམ་།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། རང
iiif viewer powered by OpenSeadragon
133a - 134a