| | e-texts navigator
|
129b1 འཁོར་ལ་འདི་སྐད་གསུངས། རྡོ་རྗེ་སེམས་དཔའ་ཡིད་ལ་ཟུང་།། སྣང་སྲིད་ཁ་སྦྱོར་བྱ་བ་ནི།། སྣང་བ་ཕྱི་ཡིས་ཡུལ་ལ་བྱ།། སྲིད་པ་ནང་གི་སེམས་ལ་བྱ།། ཁ་སྦྱོར་གཉིས་སུ་མེད་པ་ཡིན།། སྣང་བ་སྒོ་ལྔའི་རྟགས་ཡུལ
129b2 ཡིན།། སྲིད་པ་རྣམ་ཤེས་རྣམ་ལྔ་ཡིན།། ཁ་སྦྱོར་མི་འགྱུར་རྩིས་གདབ་མེད།། སྣང་བ་ཕྱི་ཡིས་དཀར་དམར་ཡུལ།། སྲིད་པ་སེམས་ཀྱི་དྲན་རིག་གོ།། ཁ་སྦྱོར་དབྱེ་བསལ་མེད་པ་ཡིན།། སྣང་བ་སྒོ་ལྔའི་རྣམ་ཤེས
129b3 ཡིན།། སྲིད་པ་འགྱུ་ལུགས་རྣམ་ལྔ་ཡིན།། ཁ་སྦྱོར་མི་འགྱུ་མི་འཇུག་བརྟགས་ཆགས་མེད།། སྣང་བ་ཕྱི་སྣོད་གླིང་བཞི་ཆགས་ཚུལ་ཡུལ།། སྲིད་པ་སེམས་ཅན་སྐྱེ་འགྲོ་ཡིད་གཟུགས་ཡིན།། ཁ་སྦྱོར་བཟང་ངན་དགག
129b4 བསྒྲུབ་མེད།། བདུད་ནི་སེམས་ཀྱི་རྟོག་ཚོགས་ཡིན།། རྩི་ནི་ཡེ་ཤེས་ཆེན་པོ་ཡིན།། བདུད་ནི་མུན་པའི་འཁོར་སྒོ་ཡིན།། རྩི་ནི་ཡེ་ཤེས་རིག་པའི་འཆར་སྒོ་ཡིན།། བདུད་ནི་འཁྲུལ་ལུགས་རྣམ་གསུམ་ཡིན།། རྩི་ནི་ལྡོག
129b5 ལུགས་རྣམ་གསུམ་ཡིན།། བདུད་ནི་ཁམས་གསུམ་འཁྲུལ་པ་སྟེ།། རྩི་ནི་འཁྲུལ་གཞི་རྩད་གཅོད་ཡིན།། བདུད་ནི་ཉོན་མོངས་དུག་གསུམ་ཡིན།། རྩི་ནི་སྐུ་གསུང་ཐུགས་ཡིན་ནོ།། བདུད་ནི་ཉོན་མོངས་དུག་ལྔ
129b6 ཡིན།། རྩི་ནི་སྐུ་ལྔ་ཡེ་ཤེས་ལྔ།། བདུད་ནི་ཉོན་མོངས་བརྒྱད་ཁྲི་སྟོང་།། རྩི་ནི་ཆོས་སྒོ་བརྒྱད་ཁྲི་སྟོང་།། བདུད་ནི་ཁམས་གསུམ་འཁོར་བའི་སེམས།། རྩི་ནི་སྐུ་གསུམ་རྒྱལ་བའི་ཐུགས།། བདུད་ནི་འཁོར་བའི་སེམས
iiif viewer powered by OpenSeadragon
129a - 130a