| | e-texts navigator
|
124b1 སྲིད་པས་བསྡུས་པའི་ཆོས་རྣམས་ཀུན།། མ་ཆགས་སེར་སྣ་མེད་པར་མཆོད་པར་མཆོད།། རྒྱ་ནས་འདེགས་ཀྱིས་བཞེས་སུ་གསོལ།། ནང་འཛིན་སེམས་ཀྱི་དྲན་རྟོགས་ཀུན།། ངང་དངས་ཆེན་པོར
124b2 མཆོད་པར་འབུལ།། མི་དམིགས་དབྱིངས་སུ་བཞེས་སུ་གསོལ།། རང་གི་ལྷར་ནི་རང་མཆོད་ན།། དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་།། མཆོད་པ་འབུལ་ན་སེམས་ལ་འབུལ།། བྱང་ཆུབ་སེམས་ཀྱི་མཆོད་པ
124b3 འདི།། ཐེག་པ་གཞན་དུ་ཡོངས་མ་གསུངས།། མཆོད་པ་ཆ་མཐུན་ཁྱད་པར་འཕགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མཆོད་པ་དབུལ
124b4 བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། སྭ་ཛ་སྭ་\ུ0f89\ུ0f4། ཛཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། དཀྱིལ་འཁོར་ལྷ་ཚོགས་དེ་རྣམས་ལ།། བསྟོད་པའི་ལེའུ་གསུང་དུ་གསོལ།། ཀུན་བཟང་ཉིད་ལ་དེ་སྐད་གསོལ་པ
124b5 དང་།། ཀུན་ཏུ་བཟང་པོས་འཁོར་རྣམས་ལ་བཀའ་སྩལ་པ།། དོན་ཉིད་དབྱེ་རུ་མེད་མོད་ཀྱང་།། དཀྱིལ་འཁོར་ལྷ་ཡི་བསྟོད་པ་བསྟན།། ཆོས་ཀྱི་དབྱིངས་ན་གཅིག་པུར་བཞུགས་པའི་ལྷ།། གཙོ་མཆོག་བྱང་ཆུབ
124b6 སེམས་ལ་ཕྱག་འཚལ་བསྟོད།། འགྱུར་མེད་ཀུན་ཁྱབ་ནམ་མཁའ་ལྟ་བུའི་སྐུ།། མ་རིག་མུན་སེལ་ཉི་ཟླ་ལྟ་བུའི་སྤྱན།། འདོད་པ་ཀུན་བྲལ་ཡིད་བཞིན་ནོར་བུའི་ཐུགས།། ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ
iiif viewer powered by OpenSeadragon
124a - 125a