| | e-texts navigator
|
123a1 དང་།། དེ་ནས་སྟོན་པ་ཀུན་བཟང་དེ།། རིན་པོ་ཆེ་འོད་ཀྱི་བྱིན་རླབས་ནང་དུ་འབར་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་རྣམས་ལ།། དབང་གི་བསྐུར་ཐབས་འདི་ལྟར་གསུངས།། འཁོར
123a2 རྣམས་མ་ཡེངས་གུས་པས་ཟུང་།། སྙིང་པོ་དོན་གྱི་གནས་ལུགས་ལ།། བསྐུར་བྱ་སྐུར་བྱེད་གཉིས་མེད་ཀྱང་།། རེ་ཞིག་མ་རྟོགས་བློ་ཅན་ལ།། རིག་པ་སེམས་ཀྱི་རྩལ་དབང་བསྐུར།། ཀུན་གཞི་ཀློང་ཡངས་མཚོ་ཆེན
123a3 ལ།། འདུས་མ་བྱས་པའི་མཁའ་དབྱིངས་ཀློང་དཀྱིལ་དུ།། ཆོས་ཉིད་དོན་དབང་འདོད་པ་རྣམས།། རྩོལ་མེད་ཚུལ་གྱིས་འཇུག་པར་བྱ།། དང་པོ་བུམ་པའི་དབང་ཉིད་དང་།། གཉིས་པ་གསང་བའི་དབང་བསྐུར
123a4 དང་།། གསུམ་པ་ཤེས་རབ་ཡེ་ཤེས་དབང་།། བཞི་པ་རིན་ཆེན་ཚིག་དབང་ངོ་།། རྒྱལ་ཐབས་སྤྱི་བླུགས་དབང་གིས་ལ་བཟླའོ།། དང་པོ་བུམ་པའི་དབང་བསྐུར་ལ།། ལས་དང་སྐལ་བར་ལྡན་པའི་སློབ་མ་ཡིས།། སྙིང
123a5 པོ་དོན་གྱི་གདམས་ངག་ཡོད་པ་ཡི།། བླ་མ་དག་ལ་ཞུ་བ་དབུལ།། བླ་མས་གནང་བར་གྱུར་པ་ན།། རྫས་དང་ཡོ་བྱད་ལྡན་བྱས་ཏེ།། གཟུང་འཛིན་དག་པའི་ས་ཕྱོགས་སུ།། ཕྱོགས་རིས་སངས་པའི་དབེན་རྩ
123a6 རུ།། མཁའ་ཀློང་ཡངས་པའི་མཆོད་ཁང་དུ།། མི་འགྱུར་དབྱིངས་ཀྱི་དཀྱིལ་འཁོར་ནི།། མ་བྲིས་གསལ་བའི་དཀྱིལ་འཁོར་ན།། མ་བསྐྱེད་རྫོགས་པའི་ལྷ་ཚོགས་བཞུགས།། དེ་ལ་སློབ་མས་དབང་ནོད
iiif viewer powered by OpenSeadragon
122b - 123b