| | e-texts navigator
|
119b1 ཆུབ་སེམས་ཀྱི་དབང་བསྐུར་འདི།། ཐེག་པ་གཞན་ལས་འབྱུང་མི་སྲིད།། སྠི་ཏིའི་དབང་བསྐུར་ཁྱད་པར་འཕགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ
119b2 གཅོད་པའི་རྒྱུད་ལས། དབང་བསྐུར་རྒྱལ་པོའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། 2་ས་མ་ཐམཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སེམས་ཉིད་སྟོན་པ་ཀུན་བཟང་ལ།། དཀྱིལ་འཁོར་ཆོས་ཉིད
119b3 ལྷ་ཚོགས་ལ།། བདུད་རྩི་སྨན་མཆོད་ཅི་ལྟར་བྱ།། ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། ང་ཡིས་བདུད་རྩི་སྨན་མཆོད་བཤད།། རང་བྱུང་གདོད་ནས་རྣམ
119b4 དག་པས།། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན།། རྩ་བ་འབུམ་ཕྲག་ཡངས་པའི་བཅུད།། འཆི་མེད་བདུད་རྩི་ར་ས་ཡན།། ཐམས་ཅད་འདུས་པའི་སྙིང་པོ་སྟེ།། འགྲོ་དྲུག་སེམས་ཅན་ཀུན་སྒྲོལ་བའི།། དུག་ལྔ་སེལ
119b5 བའི་བདུད་རྩི་མཆོག། མི་འགྱུར་སྙིང་པོའི་ལྷ་ཚོགས་ལ།། སྨན་མཆོད་མི་དམིགས་དབྱིངས་ཉིད་འབྲལ།། སྐྱེ་མེད་བདེ་ཆེན་དངོས་གྲུབ་རྩོལ།། སྙིང་པོའི་རང་བཞིན་འགྱུར་མེད་ཀྱང་།། ཆོས་རྣམས་ཐམས་ཅད་བདུད
119b6 རྩི་རྣམ་དག་དགོངས་པར་བསྟན།། རང་བྱུང་རྒྱུ་རྐྱེན་སྐྱེ་འཇིག་མེད།། གཞི་མ་འོད་གསལ་གདོད་མ་ནས།། འཁྲུལ་སྣང་མ་རིག་རྣམ་པར་དག། རྩ་བ་བྱང་ཆུབ་སེམས་ཉིད་ཡིན།། བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད
iiif viewer powered by OpenSeadragon
119a - 120a