| | e-texts navigator
|
118b1 སྩོལ།། ཨ་སང་ཀ་ར་ཨ། སི་ཏ་ཨ། ཞེས་གསུངས་སོ།། སྡང་ཕྲད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཟག་མཐའ་གཅོད་པའི་རྒྱུད་ལས། སྣང་སྲིད་ཐམས་ཅད་བདུད་རྩི་རྣམ་དག་གི་ལནུ་དྷནཱ
118b2 ཤུ་རྩ་དགུ་པའོ།། ས་པ་གྲས་སའས།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་སེམས་ཉིད་ཀུན་བཟང་ལ།། དཀྱིལ་འཁོར་ལྷ་ཚོགས་དེ་རྣམས་ལ།། ཟན་ཐུལ་ཟང་ཟིང་མ་ཡིན་པའི།། ཆོས་ཉིད་གཏོར
118b3 མ་ཇི་ལྟར་བཏང་།། ཞེས་གསོལ་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་འཕེལ་འགྲིབ་དབྱེ་བསལ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ནས་བཞེངས་ནས་འདི་སྐད་གསུངས། ཆོས་ཉིད
118b4 སེམས་ཀྱིས་གཏོར་མ་བཤད། འཁོར་རྣམས་མ་ཡེངས་གུས་པས་ཉོན།། སྙིང་པོའི་རང་བཞིན་འགྱུར་མེད་ལ།། རིག་པ་རྩལ་སྣང་མ་འགགས་གཏོར་མ་གཏོང་།། ཤ་ཕྲག་ཟན་བྲུལ་འདུས་བྱས་རྫས་མིན་པའི།། སྣང
118b5 སྲིད་རྒྱས་འདེབས་ཆོས་སླར་གཏོར་མ་གཏོང་།། སྣོད་ཀྱི་འཇིག་རྟེན་གསེར་དངུལ་ཟངས་ལྕགས་སྣོད།། ནང་བཅུད་འཇིག་རྟེན་གཏོར་མའི་རྫས་རྣམས་ལ།། སྐྱེ་འགྲོ་གཟུགས་སོགས་ཤ་ཆང་ཟན།། རང་ལས་འབྱུང
118b6 བའི་བདུད་རྩི་ལྔ།། དུག་ལྔ་ཀ་དག་ཡེ་ཤེས་ལྔ།། དུག་གསུམ་ཀ་དག་སྐུ་གསུང་ཐུགས།། རྣམ་ཤེས་རྣམ་ལྔ་གཏོར་མའི་རྒྱན།། དབང་པོ་ཡུལ་ལྔ་གཏོར་མའི་རྟེན།། དབང་པོ་རང་དག་རྒྱལ་བའི་དགོངས་པའི
iiif viewer powered by OpenSeadragon
118a - 119a