| | e-texts navigator
|
113b1 འདས།། མཆོད་ནི་སྐྱེ་བ་མེད་པར་མཆོད།། རྟེན་ནི་འགག་པ་མེད་པར་རྟེན།། མཆོད་ནི་དྲན་པ་མེད་པར་མཆོད།། རྟེན་ནི་ཡིད་ལ་བྱ་རུ་མེད།། མཆོད་ནི་སྣང་ཞིང་སྲིད་པ་སྟེ།། རྟེན་ནི་རྩིས་གདབ་དབྱེ
113b2 བསལ་མེད།། མཆོད་ནི་སྒོ་ལྔའི་རྣམ་ཤེས་མཆོད།། རྟེན་ནི་མི་སྤྱོད་མི་འཇུག་གོ། མཆོད་ནི་ཕྱི་ཡུལ་དཀར་དམར་སྟེ།། རྟེན་ནི་མ་ཆགས་ཞེན་མེད་དོ།། མཆོད་ནི་སྙིང་པོའི་ཀློང་ཡངས་ཏེ།། རྟེན་ནི་ཆོས་སྐུ་འགྱུར་བ
113b3 མེད།། མཆོད་ནི་ཀུན་གཞིའི་མཁའ་ཀློང་སྟེ།། རྟེན་ནི་རིག་པའི་རྩལ་སྣང་ངོ་།། མཆོད་ནི་མ་འགགས་རྩལ་སྣང་ཐིམ།། རྟེན་ནི་གཉིས་མེད་ངང་དུ་གནས།། མཆོད་ནི་ཐིག་ལེ་ཆེན་པོ་ཡིན།། རྟེན་ནི་སྤྲོས་པ་མཐའ་དག
113b4 བྲལ།། མཆོད་ནི་སྣ་ཚོགས་རྫོགས་པ་ཡིན།། རྟེན་ནི་ཅིར་མ་སྤངས་པ་ཡིན།། མཆོད་ནི་བདེ་བ་ཆེན་པོ་སྟེ།། རྟེན་ནི་སྡུག་བསྔལ་ཀུན་བྲལ་ལོ།། མཆོད་ནི་རྟོག་ཚོགས་མཚན་མ་སྤངས།། རྟེན་ནི་མི་རྟོག་ཡེ་ཤེས
113b5 རྒྱས།། མཆོད་ནི་སྐྱེ་མེད་དོན་གྱི་ཆོས།། རྟེན་ནི་འགྱུར་བ་མེད་པའི་སྒྲ།། མཆོད་ནི་གཉིས་སྣང་ཀུན་བྲལ་ཡིན།། རྟེན་ནི་གཉིས་མེད་ཆེན་པོར་ཆུབ།། དེ་ཕྱིར་མཆོད་རྟེན་བྱང་ཆུབ་ཡིན།། མི་འགྱུར་དབྱིངས་ཀྱི་མཆོད
113b6 རྟེན་འདི།། ཐེག་པ་གཞན་ལས་འབྱུང་མི་འགྱུར།། མཆོད་རྟེན་བཞེངས་ན་སེམས་ལ་བཞེངས།། མཆོད་བརྟེན་ཆ་མཐུན་ཁྱད་པར་འཕགས།། སྐྱེ་འཇིག་མེད་པའི་མཆོད་རྟེན་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ
iiif viewer powered by OpenSeadragon
113a - 114a