| | e-texts navigator
|
108b1 འཁོར་འདི།། ཐེག་པ་གཞན་ལས་འབྱུང་མི་འགྱུར།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བྱང་སེམས་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་དགུ
108b2 པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྙན་པ་ཀུན་ཏུ་བཟང་པོ་ལ།། དཀྱིལ་འཁོར་བྲི་ཐབས་དེ་ལྟར་ན།། དེ་ཡི་ངེས་ཚིག་ཇི་ལྟར་ལགས།། ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ
108b3 པ།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། ངེས་ཚིག་རྒྱས་པར་བཤད་པ་ལ།། ཀུན་ཀློང་མཐའ་དབྱིངས་རྣམ་དག་དཀྱིལ་འཁོར་དེ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས་པར་བཤད།། དཀྱིལ་འཁོར་དཀྱིལ
108b4 འཁོར་ཞེས་བྱ་བ།། སྐུ་ཡི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། གསུང་གི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། ཐུགས་ཀྱི་དཀྱིལ་འཁོར་ཡང་དག
108b5 པ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། དཀྱིལ་ནི་ཆོས་སྐུར་འགྱུར་བ་མེད།། རིག་པའི་རྩལ་མ་འགགས་པའི་འཁོར་གྱིས་བསྐོར།། དེས་ན་དཀྱིལ་འཁོར་ཞེས་སུ་བཤད།། དཀྱིལ་འཁོར་མ་ལུས་སེམས་ལ
108b6 རྫོགས།། རྫོགས་པའི་དོན་ནི་འདི་ལྟ་སྟེ།། དཀྱིལ་ནི་མ་ནོར་བ་ལོ་བྱ།། མ་ནོར་མ་བཅོས་དཀྱིལ་འཁོར་དེ།། སེམས་ཉིད་སྐྱེ་མེད་ངང་ལ་རྫོགས།། དཀྱིལ་ནི་སྙིང་པོའི་དོན་ལ་བྱ།། འཁོར་ནི་སྣང་ཚུལ་བསམ་མི
iiif viewer powered by OpenSeadragon
108a - 109a