| | e-texts navigator
|
107a1 དཀར་ཆེན་གསུམ།། ཡེ་ཤེས་དཔེ་རུ་ཤེས་པར་བྱ།། མི་རྒུད་ཆུ་རྒུད་གཞུང་རྒུད་གསུམ།། རྒུན་ཆད་མེད་པའི་དཔེ་རུ་གསུངས།། གློག་དང་སྐར་མདའ་མདའ་འཕང་གསུམ།། བར་དོའི་རྟགས་ཚད་དང
107a2 རུ་གསུངས།། གསེར་དང་རི་བོ་རིན་ཆེན་གསུམ།། འབྲས་བུའི་དཔེ་རུ་ཤེས་པར་བྱའོ།། ཆོས་ཉིད་དོན་གྱི་གནས་ལུགས་ལ།། འདྲ་བཞི་ཡོད་པས་དཔེ་བཞིས་མཚོན།། དངོས་གཞི་མེད་པས་དམིགས་སུ་མེད།། སྐྱེ
107a3 མེད་བསམ་འདས་འགྱུར་མེད་ཡིན།། དམིགས་མེད་མཚོན་འདས་ཆོས་སྐུ་ཡིན།། མཚོན་དུ་མེད་པས་དཔེ་ལས་འདས།། རེ་ཞིག་མཚོན་ནས་གོ་ཕྱིར་བསྟན།། དོན་གྱི་ངོ་བོ་བརྗོད་ལས་འདས།། ཞེས་གསུངས
107a4 སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་ཐམས་ཅད་དཔེར་བཤད་པའི་ལེའུ་སྟེ་བཅུ་དགུ་པའོ།། ། བུདྡྷ་བོ་དྷི་ཨཱཿམ་ཧཱ་སུ་ཁ་ཧོཿམཎྜལ། བ་ག
107a5 བེ་མ་ལ་པ་ཏ་ཨཱཿདེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། རྫོགས་ཆེན་སྤྱི་ཏི་ཡོ་ག་ཡི།། མ་བྲིས་དཀྱིལ་འཁོར་ཆེན་པོ་ཇི་ལྟར་ལགས།། དེ་ནས་སྟོན་པའི་རྒྱལ་པོ་ཀུན་ཏུ་བཟང་པོ
107a6 དེ།། རིན་པོ་ཆེ་འོད་གཡོས་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྷོ་ན་བྷེ་ཏྲ་དྷ་ན་མཎྜ་ལ།། ང་ཡིས་མ་བྲིས་རྫོགས་པའི་དཀྱིལ
iiif viewer powered by OpenSeadragon
106b - 107b