| | e-texts navigator
|
101b1 སྣང་ཐམས་ཅད་རང་དངས་ཆེན་པོར་གདའ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བདུད་རྩི་ཡང་ཞུན་རང་དངས་ཀྱི་ལེའུ་སྟེ་བཅུ་བཞི
101b2 པའོ།། །། དེ་ནས་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། ཆོས་ཉིད་གཏིང་གསལ་ཆེན་པོའི་དོན།། འདུས་པའི་འཁོར་ལ་བསྟན་དུ་གསོལ།། ཞེས་གསོལ་པ་དང་།། སེམས་ཉིད
101b3 སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་གཏིང་ནས་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ནས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཨ་མུན་དྷ་རི་པེ་ཏ་ཨ་ཏི། བདུད་རྩི་བཅུད་ཀྱི་སྒྲོན
101b4 གསལ་བཤད།། རྡོ་རྗེ་སེམས་དཔས་གོ་བར་ཟུང་།། སྙིང་པོ་འགྱུར་མེད་ཆོས་སྐུའི་ཀློང་ཡངས་དེར།། ཤེས་པ་མ་འགགས་སྣ་ཚོགས་ཀུན་ཏུ་རྒྱུ།། གར་ཡང་འགྲོ་ས་མ་རྙེད་སྙིང་པོའི་ཀློང་དུ་ཐིམ།། ཆོས་ཉིད་མ་ལ་མ
101b5 འགགས་རྩལ་སྣང་དུ་ཐིམ་པས།། མ་བུ་ངོ་འཕྲད་ཐོག་མར་ཡེ་སངས་རྒྱས།། དབྱེར་མེད་དང་ཐིམ་ཡེ་ཤེས་རང་ས་ཟིན།། འཁྲུལ་པ་རང་སངས་རྣམ་རྟོག་རང་སར་གྲོལ།། སྐྱེ་མེད་དོན་རྟོགས་སྙིང་པོའི་ཀློང་ནས
101b6 ཤར།། བརྗོད་མེད་དོན་རྟོགས་འགྱུར་མེད་དང་ལ་གནས།། དེ་ལ་ཀུན་ཀྱང་གང་གནས་པ།། སྣང་བ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། སྟོང་པ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། གཉིས་མེད
iiif viewer powered by OpenSeadragon
101a - 102a