| | e-texts navigator
|
330b1 གཞིར་འདོད་པས།། སྨིག་རྒྱུ་ཆུར་མཐོང་འཐུངས་འདོད་བཞིན།། འཁོར་འདས་གློ་བུར་རྐྱེན་ཡིན་ཕྱིར།། ངོ་བོ་གནས་ལུགས་ཆོས་སྐུ་ཡིན།། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལས།།
330b2 དེ་ལས་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག། མ་རིག་འཁྲུལ་པ་ལྡོག་འདོད་རྣམས།། འཁོར་འདས་གཉིས་ཀྱི་མ་རིག་འདོད།། རང་སེམས་སྙིང་པོ་རྟོགས
330b3 པའི་ཐབས།། ལུས་སྲོག་མི་ལྟ་དད་པ་ཡིས།། སྐྲག་ཅིང་ཡང་མེད་སེམས་ཀྱིས།། ཐེ་ཚོམ་ཡིད་གཉིས་མེད་པར་ནི།། འཁོར་འདས་རྩ་བའི་ངོ་བོ་ཉིད།། དཔའ་བརྟུལ་ཆེན་པོའི་བརྩོན་འགྲུས་ཀྱིས།། ཕྱིར་མི་ལྡོག་ཅིང
330b4 ཡིད་ཆེས་པས།། ཡེངས་པར་མི་འབྱུང་རྒྱུན་མི་འཆད།། སེམས་ཉིད་མ་རྟོགས་དོན་མི་བཙལ།། དུག་ལྔ་མི་སྤང་ཆོས་ཉིད་དུ།། དེ་ཤེས་མི་བསྒོམ་དགོས་པ་མེད།། ད་ཡང་འདུས་པའི་འཁོར་རྣམས་ཉོན།། འཁོར
330b5 དས་གཉིས་ཀྱི་སྒོ་སྐུར་གྱིས།། མ་གོས་ངོ་བོ་ཉིད་ཀྱི་སྐུ།། ཆོས་རྣམས་ཀུན་གྱི་གཞི་ཡིན་ཕྱིར།། རྒྱུ་ཡི་ཡེ་ཤེས་དེ་ལ་བྱ།། རྟོགས་པའི་རྐྱེན་གྱིས་ཆོས་ཀྱི་སྐུ།། ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ཕྱིར།། མ་རྟོགས་སེམས
330b6 ཅན་ཐམས་ཅད་ཀྱང་།། བླ་མའི་རྐྱེན་གྱིས་ཡེ་ཤེས་འབྱུང་།། འཁོར་འདས་ལམ་གྱི་འབད་རྩོལ་གྱིས།། བླ་མེད་བྱང་ཆུབ་གེགས་ཡིན་ཕྱིར།། བསྒོམ་རྩོལ་མེད་པའི་ཡེ་ཤེས་འདི།། ལམ་གྱི་མཆོག་ནི་དམ་པར
330b7 གསུངས།། དེ་ཉིད་རྟོགས་པའི་ཤེས་རབ་ཀྱིས།། ཐེག་བརྒྱད་སྤང་ལེན་ཟིལ་གྱིས་གནོན།། སེམས་རྟོགས་སྙིང་པོ་དེ་ཉིད་ནས།། སྟོབས་རྣམས་མ་བཙལ་ཡོན་ཏན་རྫོགས།། དེ་ལྟའི་ཡེ་ཤེས་འབྲས་བུ་ནི།། ཕྱི་མ་མ
iiif viewer powered by OpenSeadragon
330a - 331a