| | e-texts navigator
|
263b1 བཤགས་པར་བྱེད་པའི་ཚེ།། ལྷ་ལ་མཆོད་པ་ཇི་ལྟར་དབུལ།། ཉམས་དང་སྡིག་སྒྲིབ་ཇི་ལྟར་བཤགས།། ཞེས་གསོལ་པས། སྟོན་པ་རྡོ་རྗེས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་ཆེ།། དེ་ལྟར་མཆོད་བཤགས་བྱ།
263b2 བ་ནི།། ཉའམ་སྟོང་ངམ་ཚེས་བརྒྱད་ལ།། དུས་བཟང་གཟའ་དང་རྒྱུ་སྐར་འཛོམ།། པདྨ་བརྒྱ་ལྡན་དཀྱིལ་འཁོར་བཞེངས།། ཡང་ན་མཎྜལ་ཚོམ་བུ་བྱ།། གཏོར་མ་ཆེན་པོ་བརྒྱ་འམ་ལྔའམ་གསུམ་མམ་གཅིག། དཔལ
263b3 གྱི་གཏོར་མ་བཤགས་པ་ནི།། རིན་ཆེན་རྒྱ་ཆེན་སྣོད་ནང་དུ།། དང་པོ་དཔལ་བཤོས་ཆེན་པོ་བཞུགས།། ཁམས་ཕོར་གཏོར་ཆེན་བརྒྱ་ཡིས་བསྐོར།། ལྷ་བཤོས་བརྒྱ་འམ་མར་མེ་བརྒྱ།། ཚོམ་བུ་བརྒྱ་འམ་རྣམ་རེས
263b4 བཞག། གོང་གི་གཏོར་མ་ཆེན་པོ་ཡང་།། བསྒྲུབ་པའི་སྨན་དང་ཁྲག་ཤས་བརྒྱན།། དཀར་གསུམ་ཆན་ཡང་དེ་བཞིན་ནོ།། དཀར་གཏོར་གཅིག་དང་དམར་གཏོར་གཅིག། ཆོས་སྐྱོང་ཕྱི་ནང་གཉིས་ལ་བཤམ།། འབྱོར
263b5 པའི་རྫས་ཚོགས་ཅི་ལྡན་བཤམ།། སྤོས་དང་མེ་ཏོག་ཨརྒྷ་དང་།། མཆོད་པའི་རྒྱུ་ནི་ཐམས་ཅད་བསགས།། ཐུགས་མཆོག་བརྒྱ་པ་རྒྱུན་པར་བཟླས།། ཞག་དྲུག་དག་ལ་དུས་དྲུག་ཏུ།། ན་རཀ་དོང་སྦུགས་འདོན་པར
263b6 བྱ།། ཕྱག་དང་བསྐོར་བ་ཅི་ནུས་བྱ།། ཁ་ཡར་ཞག་གྲངས་མཚམས་གཅད་བྱ།། ཉམས་དང་མཚམས་མེད་སྡིག་པ་ཀུན།། དཔེར་ན་སོལ་བ་དུང་པོར་འདྲ།། ཟླ་བ་ཡར་ངོ་མར་ངོ་འདྲ།། ཞེས་གསུངས་སོ།། རྡོ་རྗེ་བརྒྱ
iiif viewer powered by OpenSeadragon
263a - 264a