| | e-texts navigator
|
257a1 ལ།། སྤྱི་བོར་འཁོར་ལོ་སུམ་བཅུ་གཉིས།། ལྔ་བཅུ་རྩ་བརྒྱད་འཁོར་ལོས་མཚོན།། འཁོར་ལོ་ལྔ་གསུམ་རྩ་རླུང་ལས་རྫོགས་ཡིན།། ཞེས་གསུངས་སོ།། རྡོ་རྗེ་བརྒྱ་པའི་རྒྱུད་ལས་བརྒྱ་ཚན་ལུས་ལ
257a2 རྫོགས་ལུགས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། བཛྲ་པཱ་ཎི་ཁྱོད་ཉོན་ཅིག། ཞི་རྒྱས་དབང་དྲག་མཚོན་པ་ཡང་།། འདི་ལྟར་བཅས་ཤིང་བསམ་པར་བྱ།། དང་པོར་ཞི་བའི
257a3 མཚོན་པ་ནི།། ཟླུམ་པོའི་དཀྱིལ་དུ་རྡོ་རྗེ་ཨོཾ།། དེ་མཐའ་འཁོར་ལོ་རྩིབས་བཞིའི་ཚུལ།། མཐའ་ནི་མུ་ཁྱུད་ཟླུམ་པོས་བསྐོར།། བུམ་པའི་ཨོཾ་ལ་བུདྡྷ་ས་མ་ཡ་ལ་སོགས།། ཨ་ལ་གཏུགས་པའི་ཕྲེང་བསྐོར་ཡིན།། དེ་ཡང
257a4 ཟླུམ་པོར་རོ།། ཤམ་བུ་ཨོཾ་ལ་ཤཱནྟི་གདགས།། ཞི་བའི་ལྷ་དང་མཆོད་རྟེན་ཀུན།། འོད་ཟེར་དཀར་པོ་འཕྲོ་བ་ཡིས།། ཞི་བར་འགྱུར་ཏེ་ཐེ་ཚོམ་མེད།། དེ་ནས་རྒྱས་པའི་མཚོན་བསམ་ཡང་།། རིན་པོ་ཆེ་ཡི་ལྟེ་བ་ལ།། རྡོ
257a5 རྗེ་དཀྱིལ་གནས་བུམ་པར་སྭཱ།། མཐའ་མ་གྲུ་བཞི་ལྟེ་བ་ཡི།། བུམ་པའི་སཱ་ལས་འཕྲོས་པ་ནི།། སྟ་རཏྣ་ས་མ་ཡ།། ཨཱ་ཞེས་ཕྲེང་བས་བསྐོར་དུའོ།། གྲུ་བཞིའི་གྲུ་བཞིར་ལྷམ་པ་རུ།། ཤམ་བུ་སཱ་ལ་པུཥྚིང
257a6 གདགས།། རྒྱས་པའི་ལྷ་དང་མཆོད་རྟེན་ཀུན།། འོད་ཟེར་སེར་པོ་འཕྲོས་པ་ཡིས།། རྒྱས་པར་འགྱུར་ཏེ་ཐེ་ཚོམ་མེད།། དེ་ནས་དབང་གི་མཚོན་བསམ་ཡང་།། པདྨ་འདབ་བརྒྱད་ལྟེ་བ་ལ།། རྡོ་རྗེའི་བུམ་པའི་ལྟེ་བར
iiif viewer powered by OpenSeadragon
256b - 257b