| | e-texts navigator
|
255b1 དགོས།། ཞེས་གསུངས་སོ།། རྡོ་རྗེ་བརྒྱ་པའི་རྒྱུད་ལས། བདུན་ཚིགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེའི་འཁོར་རྣམས་ཀུན།། ལག་ན་རྡོ་རྗེ་ལེགས་པར་ཟུང་།། ང་ཡི
255b2 རྒྱུད་ཀྱི་རྒྱལ་པོ་འདིར།། ཐམས་ཅད་འབྲེལ་ཏེ་རྫོགས་པ་ཡིན།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། ཐམས་ཅད་མ་ལུས་བསྟན་པས་མང་པོ་འདུས།། གཙོ་དང་འཁོར་དུ་བསྟན་པས་དཀྱིལ་འཁོར་ཡིན།། རང་ལ
255b3 རང་ཆས་བསྟན་པས་དབང་ཡང་ཡིན།། རྩ་བ་ཡན་ལག་བསྟན་པས་དམ་ཚིག་ཡིན།། དམ་པ་རིགས་བརྒྱ་བསྟན་པས་ལྷ་ཡང་ཡིན།། འབྲུ་མཆོག་བརྒྱ་པ་བསྟན་པས་སྔགས་ཀྱང་ཡིན།། རྣལ་འབྱོར་ལས་སུ་བསྟན
255b4 པས་རྣལ་འབྱོར་ཡིན།། བརྩོན་འགྲུས་ཡེངས་མེད་བསྟན་པས་བསྙེན་བསྒྲུབ་ཡིན།། མཆོད་བསྟོད་གཉིས་མེད་བསྟན་པས་མཆོད་པ་ཡིན།། ཞི་རྒྱས་དབང་དྲག་བསྟན་པས་ཕྲིན་ལས་ཡིན།། ཡེངས་མེད་རྒྱུན་པ་བསྟན
255b5 པས་བསྒོམ་པ་ཡིན།། ལུས་ངག་ཡིད་གསུམ་སྤྱོད་པས་སྤྱོད་པ་ཡིན།། ཡིན་མིན་ཕྱོགས་དང་བྲལ་བས་ལྟ་བ་ཡིན།། འབྲེལ་དང་མ་ཚང་མེད་པ་དང་།། ཡོངས་སུ་རྫོགས་པས་འབྲས་བུ་ཡིན།། རྒྱུད་ཀྱང་ཡིན་ལ་འབྲེལ
255b6 རྫོགས་མཆོག། ང་ཡི་ལུང་བསྟན་ཁྱོད་ཀྱིས་ཟུང་།། ལུང་ཡང་ཡིན་ལ་འཁྱེར་བདེ་མཆོག། ཚེགས་ཆུང་བ་ལ་དོན་ཆེན་བསྟན།། མན་ངག་ཡིན་ཏེ་གནད་ཀྱི་མཆོག། ཐབས་མཆོག་ཐོས་ནས་སྒྲུབ་བྱེད་པ།། སྒྲུབ་ཐབས
iiif viewer powered by OpenSeadragon
255a - 256a