| | e-texts navigator
|
251b1 ཡི་ཐུགས་ཀར་ཉི་ཟླ་པད།། དཀྱིལ་ན་རྡོ་རྗེ་སེམས་དཔའ་ཉིད།། གོང་མ་ཅི་འདྲ་ཚོན་གང་བསྒོམ།། དེ་ནི་ཡེ་ཤེས་སེམས་དཔའ་ལ།། དེ་ཡི་ཐུགས་ཀར་ཉི་ཟླ་པད།། གསེར་གྱི་རྡོ་རྗེ་རྩེ་ལྔ་ནི།། འགྲེང་ལྡབས་བུམ་པའི
251b2 དཀྱིལ་ན་ཧཱུཾ།། དེ་ནི་ཡིག་འབྲུའི་ཆོ་ག་ཡིན།། སྒོ་སྲོག་གཉིས་ཀྱི་སྤྲོ་བསྡུ་བྱ།། གཞི་ཡི་ཡི་གེ་འགྱུར་མེད་ལས།། དང་པོ་རྒྱུ་ཡི་སྤྲོ་བསྡུ་ནི།། སྣོད་དང་བཅུད་ཅེས་གྲགས་པའི་དོན།། གཞི་པོའི་ཧཱུཾ་ལས་པཾ་གཅིག
251b3 འཕྲོས།། པད་མ་འདབ་བརྒྱད་རིན་ཆེན་སྣོད།། མཁའ་དང་མཉམ་པར་དམིགས་པའོ།། བཅུད་ནི་དཔའ་བོ་འབྲུ་ལྔས་བསྐྱེད།། གཞི་པོའི་འབྲུ་ནི་འགྲིབ་མེད་པས།། བཛྲ་སཏྭ་ཅེས་པ་བརྒྱས།། སྣོད་བཅུད་ཐམས་ཅད
251b4 སྦྱངས་པ་ཡིན།། སྭཱ་དང་བརྒྱ་པས་སྤེལ་བ་ཡིན།། ཨོཾ་དང་བརྒྱ་པས་མོས་པར་བསྒྱུར།། ཧ་སོགས་བརྒྱ་པས་མཆོད་སྦྱིན་བྱེད།། སོ་སོར་ཐོབ་པར་བྱ་བ་ཡིན།། ཧཱུཾ་དང་བརྒྱ་པས་དབང་དུ་བསྡུས།། དབང་བསྒྱུར་ཆེན
251b5 པོའི་ཏིང་འཛིན་བྱ།། དེ་ལྟར་སྦྱངས་སྤེལ་མོས་བཤགས་ལ།། མགྲོན་རྣམས་རིམ་པར་སྤྱན་དྲངས་ཏེ།། ཧཱུཾ་ལས་ཛ་སྤྲོས་འདི་སྐད་བརྗོད།། རྡོ་རྗེ་འཆང་བ་འདི་སྐད་གཤེགས།། རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། མི
251b6 འཇིགས་པདྨའི་གདན་ལ་བཞུགས།། རྡོ་རྗེ་འཆང་ལ་མཆོད་པ་འབུལ།། མྱ་ངན་མི་འདའ་འགྲོ་དོན་མཛོད།། གསང་སྔགས་འཁོར་ལོ་བསྐོར་དུ་གསོལ།། ཕྱི་ནང་སྒྲིབ་པ་སྦྲང་དུ་གསོལ།། ཡིད་ལ་སྙིང་པོ་ཐོབ་པར
iiif viewer powered by OpenSeadragon
251a - 252a