| | e-texts navigator
|
250b1 ལ།། ཧོམ་ཁུང་ཟླ་གམ་དབུས་སུ་བྱ།། ཐོད་ཆེན་ལ་སོགས་ཐུན་གྱི་སྣོད།། ནུབ་ཕྱོགས་ཁ་བལྟས་ས་དམར་བྱ།། དམར་པོའི་ཤིང་སོགས་བསྲེག་པའི་རྫས།། མར་ནག་དག་གིས་སྦྱིན་བསྲེག་ཏིལ་དམར་པོ།། དབང་གི
250b2 ལས་འགྲུབ་དབང་དུ་འགྱུར།། ཡི་དྭགས་གནས་སུ་འགྱུར་རེ་ཀ་ན།། དྲག་པོའི་ལས་ནི་བྱེད་པའི་ཚེ།། ཤ་ཁྲག་རྣམ་པ་སྣ་ཚོགས་དང་།། དུག་སྣ་ས་སྣ་སྣ་ཚོགས་བསོག། ཕུར་པ་ལ་སོགས་མཚོན་ཀུན་བསོག། སྲིན་པོ
250b3 ཁྲོས་འདྲ་དྲག་པོའི་རི།། དྲག་པོར་འཇུག་པའི་གནས་མཆོག་ཏུ།། ལྕགས་སམ་ནག་པོའི་སྣོད་ནང་དུ།། ཤ་ཁྲག་དུག་གི་གཏོར་མ་བཤམ།། དུག་ཤིང་ལ་སོགས་གདུག་པའི་ཤིང་།། གུ་གུལ་ཞུན་མར་ཏིལ་མར
250b4 བསྲེག། ཨེ་འདྲ་རལ་གྲི་རྒྱ་གྲམ་བསྣམས།། ཉམས་འཇིགས་བྱང་དུ་ཁ་བལྟས་བར།། མཎྜལ་ནག་པོ་གྲུ་གསུམ་བྱ།། རྡོ་རྗེ་རྒྱ་གྲམ་གསུམ་གྱི་དབུས།། ཧོམ་ཁུང་གྲུ་གསུམ་ལྟེ་བར་རོ།། དམིགས་པ་གསལ་བྱ་ལིངྒ
250b5 བསྲེག། གང་ཡིན་དམིགས་པ་ཐེ་ཚོམ་མེད།། དྲག་པོའི་ལས་དེ་འགྲུབ་པར་འགྱུར།། ལྷ་དང་ལྷ་མིན་སྐྱེ་མི་བྱེད།། ཐུགས་མཆོག་ཐུགས་ཀྱི་བསྒྲུབ་པ་ནི།། སྦྱོར་བ་དངོས་གཞི་གཞུང་བསྲང་སྟེ།། སེམས་དཔའ་རྣམ
250b6 གསུམ་གསལ་བ་ཡིས།། ལུས་ངག་ཡིད་གསུམ་ད་ལ་མི་བྱ།། འགུགས་འདྲེན་ཡེངས་མེད་དལ་མེད་བཟླས།། མཆོད་སྦྱིན་ལས་ཀྱང་ཅི་ནུས་བྱ།། རྗེས་ལ་ལ་བཟླ་དགོས་ཚད་དོ།། ཐུགས་སྒྲུབ་ཟིན་ལས་རྣམ་བཞི
iiif viewer powered by OpenSeadragon
250a - 251a