| | e-texts navigator
|
244a1 ལ་མི་བཅོས་སེལ་མི་གཞུག། རྫུན་སོགས་ངག་གི་སྐྱོན་རྣམས་སྤང་།། གསུང་གི་དམ་ཚིག་བསྲུང་སྡོམ་ཡིན།། གསང་བའི་མན་ངག་སྤེལ་མི་བྱ།། དམ་ཚིག་གནོད་སེམས་སེམས་ལ་སྤང་།། གདམས
244a2 པའི་དོན་ལས་གཞན་མི་བརྣབ།། ཐུགས་ཀྱི་དམ་ཚིག་བསྲུང་སྡོམ་ཡིན།། གཞན་ཡང་ཡན་ལག་ཉི་ཤུ་ལྔ།། ཤེས་པར་བྱ་དང་བསྒྲུབ་པར་བྱ།། ཐོབ་པར་བྱ་དང་དང་དུ་བླངས།། མི་སྤང་དམ་ཚིག་བསྲུང་བ་ཡིན།། ཡན
244a3 ལག་སྟོང་དང་རྩ་བརྒྱད་ཀྱང་།། དེ་བཞིན་ཤུགས་ལས་བསྲུང་བ་ཡིན།། ལུས་ངག་ཡིད་གསུམ་སྡོམ་པའི་དོན།། དམ་ཚིག་ཡིད་བཞིན་རིན་པོ་ཆེ།། འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ།། སྙིང་པོ་གོམས་འདྲེས་རྟོགས་པ
244a4 ནི།། བསྲུང་སྡོམ་མེད་དང་ཕྱལ་བ་ཡིན།། ཡུལ་མེད་མིང་དང་བྲལ་ཕྱིར་རོ།། དམ་ཚིག་མི་ལྡན་གང་ཟག་ནི།། གསང་སྔགས་བླ་མེད་བསླབ་པའི་ཕྱིར།། བཀའ་བརྒྱུད་དོན་ལ་མཁས་གྱུར་ཀྱང་།། བེ་སྦྲེལ་གཡང་དུ
244a5 ལྟུང་བ་བཞིན།། བདག་གཞན་གཉིས་ཀ་ན་ར་ཀ་ནས།། དེ་ཉིད་ངན་སོང་རྡོ་རྗེའི་གནས།། དེ་བས་དམ་ཚིག་ཚུལ་བཞིན་བསྲུངས།། རྒྱལ་པོ་བྲམ་ཟེ་གསང་སྔགས་འབྲེལ།། རྒྱལ་པོས་ཕྲག་དོག་བྲམ་ཟེའི་རྔན།། ལྟུང
244a6 ནས་འཁོར་བའི་སྡུག་བསྔལ་གྱིས།། དམ་ཚིག་སྐྱོན་དུ་གྱུར་པ་ཡིན།། དེ་ལ་མཆོག་གྱུར་ཐུགས་རྗེས་གཟིགས།། བཀའ་འགྲོས་ཐུགས་རྗེས་དྲངས་པ་ཡང་།། དོན་མཆོག་དོང་སྦུགས་ཡི་གེ་བརྒྱ་པ་ཡིན།། ཞེས་གསུངས
iiif viewer powered by OpenSeadragon
243b - 244b