| | e-texts navigator
|
241b1 རྗེ་འཆང་དེ་ཏིང་འཛིན་ཡིན་མིན་མེད་སྤང་བླང་མེད་པའི་ཉིད་དེ་ལས་བཞེངས་ཏེ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ནི་གཟིགས། སེང་གེའི་སྒྲ་འདི་སྐད་ཅེས་བསྒྲགས་སོ།། ཉོན་ཅིག་རྡོ་རྗེ་དབྱིངས་སོགས་འཁོར།། བཛྲ་པཱ
241b2 ཎིཅི་རྩེ་གཅིག་གཏོད།། གསང་སྔགས་གསང་བའི་སྙིང་པོ་ཧཱུཾ།། གསང་བ་སྔགས་ཀྱི་སྤྱི་གཞི་ཡིན།། སྙིང་པོ་དེ་ཡིས་ཀུན་ལ་ཁྱབ།། རྒྱ་ཆད་ཕྱོགས་ལྷུང་ཀ་ནས་མེད།། རྒྱུ་རྐྱེན་མཚུངས་པ་འཁོར་འདས་ཚུལ།། མྱ་ངན
241b3 འདས་པ་ང་ཉིད་ཀྱིས།། འཁོར་འདས་འགྲོ་བ་སྐལ་ལྡན་ལ།། བརྡ་རྟགས་སྒྲ་དོན་ཐུགས་རྗེས་བཟུང་།། ཞེས་ཞུས་པའི་ལན་གནང་བའོ།། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་ཐུགས་ཕྲིན་ལས་ཐམས་ཅད་དམ་ཚིག་གི
241b4 རྒྱུད་ལས། ཕུན་སུམ་ཚོགས་པའི་ཞུས་ལན་གྱི་ལེའུ་སྟེ་དང་པོའོ།། །། དེ་ནས་ཕྱག་ན་རྡོ་རྗེ་ཡིས། རྡོ་རྗེ་འཆང་ལ་ཞུ་བ་མེད་པས་འདི་སྐད་ཅེས་གསོལ་ཏོ།། གསང་སྔགས་གསང་བའི་སྙིང་པོ་ལ།། བརྡ་རྟགས
241b5 སྒྲ་དོན་ཁོག་ཕུབ་ནས།། ཡེ་ཤེས་རང་བྱུང་ཅི་ལྟར་འཆར།། སྡིག་པ་མཚམས་མེད་མི་དགེ་བཅུ།། ཚུལ་ཁྲིམས་དམ་ཚིག་ཇི་ལྟར་ལགས།། ཕྲིན་ལས་ཁ་ཚར་ཇི་ལྟར་བསྒྲུབ།། ཆོས་ཉིད་ལ་རུ་ཇི་ལྟར་བཟླ།། ཞེས་ཞུས
241b6 པ་དང་། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཉོན་ཅིག་བཛྲ་པཱ་ཎི་ཁྱོད།། སྙིང་པོ་ལ་ཡང་རྣམ་གསུམ་སྟེ།། སོ་སོའི་རིགས་ཀྱི་སྙིང་པོ་དང་།། སྐུ་གསུང་ཐུགས་སུ་ཐམས་ཅད་འདུས།། དེས་ན་རང་བྱུང་སྙིང་པོ་ཧཱུཾ།། དེ
iiif viewer powered by OpenSeadragon
241a - 242a