e-texts navigator
Collection
Volume
Page
Wylie

180b1 གསུམ་ཏེ།། སེམས་ལས་བྱས་པའི་སྤྱོད་པ་དང་།། ཆོས་ལས་བྱས་པའི་སྤྱོད་པ་དང་།། ཡང་ཏི་ནག་པོའི་སྤྱོད་པའོ།། སེམས་ཀྱི་སྤྱོད་པ་རྣམ་གསུམ་ཏེ།། མདོ་སྡེ་འདུལ་བ་མངོན་པ་གསུམ།། དེ་ཡང་སེམས་ཀྱི་སྤྱོད་པ
180b2 ཡིན།། མ་ཧཱ་ཨ་ནུ་སེམས་ཕྱོགས་གསུམ།། དེ་ཡང་སེམས་ཀྱི་སྤྱོད་པ་གསུམ།། ཆོས་ཀྱི་སྤྱོད་པ་རྣམ་པ་གཉིས།། ལྟ་བ་སྒོམ་པ་སྤྱོད་པ་ཡང་།། དེ་ཡང་ཆོས་ཀྱི་སྤྱོད་པ་ཡིན།། ཐོས་དང་བསམ་དང་བསྒོམ་པ་ཡང་།། དེ
180b3 ཡང་ཆོས་ཀྱི་སྤྱོད་པ་ཡིན།། ཞེས་གསུངས་སོ།། ཡང་ཏི་ནག་པོའི་སྤྱོད་པ་ནི།། ཤེས་རབ་ཆེན་པོར་འདོད་པ་སྟེ།། སྣང་བ་མི་འགེགས་ཟུག་ཕྲད་ཁྱེར།། འོད་གསལ་འཁོར་ལོ་རྒྱས་འདེབས་སྤྱོད།། འཛིན་པ་རིག་པ
180b4 རང་གྲོལ་བས།། ཡིད་ཀྱི་འཛིན་པའི་རྒྱས་འདེབས་སྤྱོད།། ཡུལ་དང་ཡུལ་ཅན་གཉིས་མེད་པས།། དབྱེར་མེད་ཆོས་སྐུ་རྒྱས་འདེབས་སྤྱོད།། དེ་ནི་ཡང་ཏི་ཕྱིར་སྤྱོད་དོ།། ཡང་ཏི་ནང་སྤྱོད་བསྟན་པ་ན།། རང་ལུས་འབྱུང
180b5 བའི་ཡིད་ཕུང་ལ།། དབྱེར་མེད་ཆོས་སྐུའི་རྒྱས་འདེབས་སྤྱོད།། འོད་གསལ་འཁོར་ལོ་བསྐོར་བ་ཡིས།། ཆོས་སྐུ་ཤེས་རབ་དང་དུ་འཆར།། གཟུང་འཛིན་རིག་པའི་ཀློང་དུ་དག། དེ་ནི་ནང་གི་སྤྱོད་པའོ།། ཡང་ཏི
180b6 སང་སྐྲོད་བསྟན་པ་ནི།། རིག་པ་བཀག་པས་མི་ཁེགས་ཏེ།། རང་ཤར་དགག་བསྒྲུབ་མེད་པར་ཐོང་།། རིག་པ་གཅེར་བུར་སླར་གྱིས་ཕྱུངས།། སྣང་བ་བསྒོམ་པ་སྨན་པོར་ཤོར།། ཐིག་ལེའི་ངང་དུ་ལྷངས་ཀྱིས




iiif viewer powered by OpenSeadragon

180a - 181a

Texts on this page

Gpb001.010 - spyod pa thabs dang shes rab kyi rgyud/ srog gi thigs pa bdud rtsi'i bum pa/ snang byed kyi spu gri'i rgyud/ yang ti nag po'i rgyud/ rim pa nas snyan du brgyud pa/ spyod pa'i rgyud