| | e-texts navigator
|
96b1 པ། ཉོན་ཅིག་ལྷ་དབང་བརྒྱ་བྱིན་ཉོན།། བདེ་ལེགས་མཁའ་འགྲོ་ལྷ་མོ་ནག་མོ་འདི།། བསྐལ་པ་མང་པོ་འདས་པའི་སྔོན་རོལ་ནས།། དུས་གསུམ་རྒྱལ་བའི་ཞལ་མཐོང་ནས།། སྨན་པར་ཞིང་འདིར་སྦྲུ
96b2 སྐུ་ཡིས།། ལཱ་མོའི་ཚུལ་དུ་སྐུར་བསྟན་ཏེ།། འགྲོ་བའི་དོན་ལ་རབ་ཏུ་བརྩོན།། ཉོན་མོངས་སྒྲིབ་པ་རབ་ཏུ་སྤངས།། ད་ལྕེ་ཤེས་བྱའི་སྒྲིབ་པ་སྦྱོང་།། འདི་འདས་ཕྱི་མ་དུས་ཀྱིས་ཆེ།། མཁའ་འགྲོ་ལྷ་མོ
96b3 ནག་མོ་འདིས།། བྱ་ང་ཤ་ར་མཚམས་ཀྱི་འཇིག་རྟེན་ཁམས།། པདྨ་རྣམ་པར་གྲོལ་བ་དེར།། ཡང་དག་རྫོགས་པའི་སངས་རྒྱས་ནི།། པདྨོ་དམ་པའི་དཔལ་ཞེས་པར།། ངས་ནི་ལྷ་མོ་ལུང་བསྟན་ནོ།།
96b4 ལྷ་མོའི་གཡོག་མོ་རེ་མ་ཏི།། དེ་ནས་འཁོལ་མོ་ར་མ་ཏི།། སྨོན་ལམ་བསྒོམ་ནས་འགྲོ་དོན་བྱེད།། སྒོམ་པའི་ལམ་ལ་རབ་གནས་ཏེ།། དེ་ལྟར་ཉོན་མོངས་སྒྲིབ་པ་སྦྱོང་།། འདི་འདས་དུས་ནི་ཕྱི་མའི
96b5 ཚེ།། པདྨ་ཅན་གྱི་ཞིང་ཁམས་དེར།། བོད་པའི་བྱང་ཆུབ་སེམས་དཔའ་ནི།། བློ་གྲོས་གཤིན་རྗེ་བྱ་བ་ནི།། དེང་འདིར་ངས་ནི་ལུང་བསྟན་ཏོ།། མཁའ་འགྲོ་མ་མེ་ལྕེ་འབ་ར་བ་ཏ་ན་ཏྲ་ལ་ས།། ལྷ
96b6 མོ་ལུང་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། ། དེ་ནས་བརྒྱ་བྱིན་ལ་སོགས་པའི་འཁོར་དེ་རྣམས་ཡིད་རབ་ཏུ་དགའ་བ་བསྐྱེད་ནས།། དཔལ་ཕྱག་ན་རྡོ་རྗེ་ལ། ལྷའི་རོལ་མོ་སྣ
96b7 ཆོགས་པ་དང་མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་ནས།། རང་རང་གི་ས་ལ་འཁོད་དོ།། དཔལ་རྡོ་རྗེ་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱད་ཆེན་པོ་རྫོགས་སྷོ།། ཨུ་རྒྱན་རྣལ་འབྱོར
iiif viewer powered by OpenSeadragon
96a - 97a