| | e-texts navigator
|
96a1 འགོད།། ང་ཡིས་ཐབས་དང་ཤེས་རབ་ལས་ཀུན་བྱེད།། ངས་ནི་རྡོ་རྗེ་མཁའ་འགྲོའི་གསང་རྒྱུད་འདི།། ཐུན་མོང་མ་ཡིན་མེ་ལྕེ་འགྱུར་བའི་རྒྱུད།། ངསནྡྷར
96a2 ཐབས་མཆོག་དངོས་གྲུབ་དམ་པའི་བཞི།། ངས་ནི་བཤད་ཟིན་ཁྱེད་ལ་རབ་ཏུ་གཏང་།། དཔལ་ལྡན་དང་དང་བརྩོན་འགྲུས་ཡོད་ལ་གཏོད།། སྙིང་རྗེ་ཆེ་ཞིང་བརྟུལ་ཞུགས་ཡོད་ལག་ཏད།། བདེན་གཉིས
96a3 དོན་རྟོགས་ཡི་རངས་བརྟན་ལ་གཏང་།། བརྣབ་པའི་ཟུང་ཐུ་བ་སྣོད་ངན་སྤོང་ལག་ཏད།། ཟུངས་ཤིག་ཆོངས་ཤིག་སྣོད་ལྡན་རྣམས་ལ་བཤང་།། འདིའི་དོན་བསྒོམས་ལ་རྩེ་གཅིག་ཡིད་ཀྱིས་ཟློས།། འདི་ནི
96a4 མི་ནུབ་རྒྱལ་མཚན་ཆེན་པོ་ཐོབ།། འདིས་ནི་ཆོས་ཀྱི་དབང་ཕྱུག་གོ་འཕང་ཐོ་བ།། འདེས་ནི་ཡིད་བཞིན་རིན་ཆེན་འབར་བ་ཐོབ།། འདི་ས་ནི་ཅི་འདོད་ཐོགས་མེད་དངོས་གྲུབ་ཐོབ། བློ་དམན་ཤེས་ཆུང
96a5 ན་ཐོས་རྣམས་ལ་གསང་།། ལོག་མཐར་འཁྱམས་པའི་མུ་སྟེགས་རྣམས་ལགསང།། དམུ་རྒོད་མི་མཁས་སྐུར་པ་ཅན་ལག་སང་།། དང་མེད་སྙིང་རྗེ་སྤངས་པ་རྣམས་ལ་གསང་།། མ་རིགས་ལྡང
96a6 བའི་ལེ་ལོ་ཅན་ལ་བསང་།། ཞེས་བཀའ་སྩལ་པ་དང་། བརྒྱ་བྱིན་གྱིས་སྤྱི་བོས་ཐངས་སོ།། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། འཁོར་ལ་གཏང་བའི་ལེའུ་སྟེ་ཉེར་གསུམ་པའོ།།
96a7 དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་ལུང་བསྟན་དུ་གསོལ།། ཅེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ
iiif viewer powered by OpenSeadragon
95b - 96b