e-texts navigator
Collection
Volume
Page
Wylie

95b1 ཡག་གིས།། བདུད་ཀྱི་ཐབས་ཀྱི་དབང་གི་སྒོ་ནས་བསྟོད་པ།། ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ།། དབང་ཕྱུགས་སྲས་མོ་ལྷ་མོ་གཟི་ལྡན་པ།། སུམ་བཅུ་རྩ་གསུམ་གནས་ཀྱི་གཙོ་མོ་གྷ།
95b2 ལྷ་མོ་རེ་མ་ཏིལ་ཕྱག་འཚལ་ལོ།། བདུད་ལ་དབང་བསྐུར་བདུད་མོ་དཔལ་འབར་མ།། རི་ཏི་མགོང་ཡག་བུ་ར་མ་ཏཾ།། ནག་མོ་རྩེ་དགུ་གནས་ཀྱི་གཙོ་སྒོ་སྟེ།། བདུད་རེ་མ་ཏེ་ལ་ཕྱག་འཚལ་ལོ།། ཀླུ་ཡ
95b3 བསྒྱུར་ཀླུ་མོ་དཔལ་འབར་མ།། གཙུག་ན་རིན་ཆེན་བུ་མོ་ཡིད་འོང་དབྱངས།། རོལ་མཚོ་བདུན་གྱི་གནས་ཀྱི་གཙོ་མོ་སྟེ།། ཀླུ་མོ་མ་ཏི་ལ་ཕྱག་འཚལ།། གནོད་སྦྱིན་དབང་བསྒྱུར་གནོན་དཔལ་འབར་མ།
95b4 གང་བ་བཟང་པོའི་བུ་མོ་ཤང་ཀི་ན།། ནགས་ཚལ་དྲ་བ་ཅན་གྱི་གཙོ་མོ་སྟེ།། གནོད་བྱིན་རེ་མཻ་ཏི་ལ་ཕྱག་འཚལ་བ་སྟོད།། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས།། བསྟོད་པའི་ཁེའུ་སྟེ་ཉི་ཤུ་གཉིས
95b5 པའོ།། ། དེ་ནམ་དཔལ་ཕྱག་ན་རྡོ་རྗེ་ངེས།། པདྨའི་གདན་ལས་བཞེངས་ཏེ།། འདི་སྐད་ཅེས་བཀའ་སྩལ་ཏོ།། སྲས་མཆོག་འཁོར་གྱིས་དམ་པ་བརྒྱ་བྱིན་དང་།། གྷ་དང་བྷ་མིན་མཾ་དང
95b6 ནམཁའ་ལྡིང་།། བགེགས་དང་གཤིན་རྗེ་ཀྵ་དང་འབྱུང་པོ་དང་།། མ་མོ་ཤ་ཟ་ལྟོ་འབྱེ་དྲི་ཟ་དང་།། སྲིན་པོ་གྲུལ་བུམ་བདུད་དང་མེ་འམ་ཅི།། རིག་སྔགས་འཆང་དང་རྣལ་འབྱོར་གནོད་སྦྱིན་དང་།།
95b7 འཁོར་རྣམས་རབ་ཏུ་ཉན་པར་གྱི།། ང་ནི་རྡོ་རྗེ་ཏིང་འཛིན་ལྷུན་གྱིས་གྲུབ།། ངས་ནི་མཚན་མ་འཇོམས་པའི་ཕྱག་རྒྱ་རྙེད།། དེས་ནི་མི་མཐུན་རྟོགས་པའི་བདུད་ལས་རྒྱལ།། ང་ནི་སྙིང་རྗེས་འགྲོ་ཀུན་འལ




iiif viewer powered by OpenSeadragon

95a - 96a

Texts on this page

Gkk3.6 - mkha' 'gro ma me lce 'bar ba'i rgyud