| | e-texts navigator
|
94b1 དགྲ་འདུལ་གཡུལ་བཟློག་ཁྱོད་ལ་བསྟོད།། ལྷ་མོ་མཐུ་ཆེན་ཁྱོད་ལ་བསོད།། དེ་ནས་དྲང་སྲོང་ཆེན་པོ་ཀེ་ཀེ་རི་ནྱས།། དཔལ་ལྷ་མོ་ཡང་དཔེ་བྱས་ཀྱིས་སྒོ་ནས་བསྟོད་པ།། འཇིག་རྟེན་གཙོལ་རྟག་ཏུ
94b2 གུས་ཕྱག་འཚལ།། མཥ་ནང་ན་ཁྱོད་ཉིད་མཆོག་གྱུར་ཏེ།། འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་ཕྱག་འཚལ་བསྟོད།། བྱད་བཞིན་སྡུག་མཛེས་ཀུན་གྱིས་བལྟ་བར་མོས།། ཡོན་ཏན་རྣམ་པ
94b3 སྣ་ཚོགས་ལུས་ལ་བརྒྱན།། མིག་ལེགས་པདྨ་སྔོན་པོའི་འདབ་མ་འདྲ།། བསོད་ནམས་ཡེ་ཤེས་སྣང་བའི་དྲི་མས་བརྒྱན།། དཔེར་ན་རིན་ཐང་མེད་པའི་ནོར་བུ་འདྲ།། དིང་བདག་དཔལ་མོ་ཁྱོད
94b4 ལརབསྔགས་ཀྱང་།། སེམས་ལ་བསམ་པ་ཐམས་ཅད་འགྲུབ་པར་འགྱུར།། ཡང་དག་ཡེ་ཤེས་གྱ་ནོམ་བཀྲ་ཤིས།། པདྨ་ལྟ་བུར་ཤིན་ཏུ་རྣམ་པར་དག། ལུས་མདོག་དྲབ་མཛེས་ཀུན་གྱིས
94b5 བལྟ་བར་མོས།། མཚན་མང་ཡོན་ཏན་རྣམ་པ་སྣ་ཚོགས་བརྒྱན།། དྲི་མེད་ཡེ་ཤེས་འོད་ཟེར་རབ་མཛེས་པ།། དྲན་པ་རྣམས་ཀྱིས་ནང་ངན་མཆོག་ཏུ་གྱུར།། ཇི་ལྟར་གཅན་ཟན་སེང་གེ་མཆོག་གྱུར་ལྟར།
94b6 བསྔགས་བསྟོད་ཚིག་ནི་འདི་ལས་འབྱུང་བ་ཡིན།། བསམ་པའི་དངོས་པོ་ཐམས་ཅད་འགྲུབ་པར་མཛོད།། དེ་ནས་དཔལ་ལྷ་མོ་ལ།། སྲིན་པོའི་རྒྱལ་པོ་ལངྐ་འགྲིན་བཅུས།། མཁའ་འགྲོ་མའི་ངེས་ཚིག
94b7 གི་སྒོ་ནས་བསྟོད་པ།། དབྱིངས་ཕྱུག་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ།། འགྲོ་བཐུགས་རྗེས་བསྐྱང་དབྱིར་ཡུམ་གྱི་ཆུ་ལ།། མཚན་མའི་སྐྱོན་པིངས་སྐུ་མདོག་ནག་མོར་བསྟན།། དྲག་ཤུ་ལ་སྤྱོད་ཕྱིར་གཅེར
iiif viewer powered by OpenSeadragon
94a - 95a