e-texts navigator
Collection
Volume
Page
Wylie

94a1 སྡུག་དང་མི་སྡུག་ཆ་ལུགས་འཆང་།། སྤྱན་མིག་མཐོང་ན་ཀུན་ཀྱང་སྔངས།། དད་ཅིང་མོས་པའི་མི་རྣམས་སྡུད།། རེས་འགའ་རི་བྲག་ཟབ་མོར་གནས།། རེས་འགའ་ཚལ
94a2 6། དང་ཤིང་ལ་གནས།། རེས་འགའ་འདུར་ཁྲོད་དག་ན་ག་ནས།། ལཱ་མོའི་རྟེན་ལུགས་དེ་རྒྱུ་འཆང་།། ག་ལ་ཏཱི་རི་ཚལ་མི་རྒོད་ཀྱིས།། རྟག་ཏུ་ལྷ་མོ་ཁྱོད་པ་བསྟོད།། དེའི་དགོངས་པ་བསོང་བར་བྱེད།། བདག་གིས
94a3 རྟག་ཏུ་བསྟོད་བྱས་ནས།། བདག་གིས་བསམ་པ་གྲུབ་པར་མཛོད།། རྨ་བྱའི་སྒྲོ་ལ་རྒྱལ་མཚན་བྱས་ཅིང་བསྲུང་བར་བྱེད།། ག་ནག་ལུགས་ཕྱུགས་རྣམས་བསྲུང་བར་བྱེད།། སང་གེ་སྟག་དང་སྦྱང་ཀའི་ཡིས།
94a4 རྟག་ཏུ་ཀུན་ནས་བསྐོར་ནས་ཀྱང་།། རྡོ་རྗེ་དྲིལ་ཆེན་སྙེན་པར་སྒྲོགས།། ལན་འགའ་ལག་ན་ཏྲི་ཤུལ་ཐོགས།། ལན་འགའ་ལག་ན་ཉི་ཟླའི་རུ་མཚོན་འབྱར།། མར་གྱིས་ཚེས་དགུ་བཅུ་གཅིག་ལས།
94a5 དེའི་དབུས་སུ་མཆོད་བྱས་ན།། ལྷ་མོ་ཁྱོད་ལས་ལྷག་པ་མེད།། བདུད་འདུལ་ལྷན་ཅིག་སྲིན་མོར་སྟོན།། དགྲ་དར་འཐབ་ན་རྒྱལ་བར་བྱེད།། བུད་མེད་ནང་ན་མཆོག་ཡིན་ཏེ།། ཚིག་དབང་འཇིག་རྟེན
94a6 མགོན་པོའདྲ།། ཞལ་བཟང་ཟླ་བ་ཉ་བ་འདྲ།། ཆུ་ལ་རྒ་ལན་གྲུ་ཟམ་འདྲ།། ནར་པ་རྣམས་ཀྱིས་པ་འདྲ།། ཕོངས་པ་རྣམས་ཀྱིས་གཉེན་གཤེགས་འདྲ།། ལྷ་དང་ལྷ་མིན་གཡུལ་འགྱེད་ཆེ།། ལྷ
94a7 ཁྱོད་ཀྱི་ལྟེ་བ་རུ།། ལྷ་རྣམས་ཀུན་གྱི་རྫོང་བྱས་ནས།། ལྷ་དམག་དཀར་པོ་རྒྱལ་བར་བྱས།། ལྷ་མ་ཡིན་རྣམས་ཕམ་པར་བྱས།། ལག་ན་མདུང་དམར་ཆེམས་སེ་ཚེམས།། རུ་མཚན་བ་དན་མེ་ལྟར་འབར།།




iiif viewer powered by OpenSeadragon

93b - 94b

Texts on this page

Gkk3.6 - mkha' 'gro ma me lce 'bar ba'i rgyud