| | e-texts navigator
|
93b1 བསྔངས་ཏེ་མིག་རྩ་རིག་རྔམ་ཞིང་ཁྱོད་ལ་འདུད།། ལྷ་མོ་བཟང་མོ་ལུས་མདོག་ནག་ཅིང་བཟོད་པར་དཀའ་བ་ཁྱོད་ཉིད་ལ།། བརྒྱ་བྱིན་ལ་སོགས་པས་ཀྱང་བསྟོད་པ་བྱེད་ཅིང་གཤིན་རྗེའི་རྒྱལ
93b2 པོ་ཉིད་ཀྱང་འདར་ཞིང་རྟག་ཏུ་འདང་།། ལྷ་རྣམས་དང་བས་འགྲོ་བ་ལུས་འཇུག་བརྟུལ་བས་རྣ་བ་ཡ་ག་ཅིག་མ།། ཟང་གིས་འགྲོ་བ་སྦྲུལ་མགོ་སྟོང་གིས་གདེངས་ཀ་ལྡན་པ་ཅིག་གིས
93b3 ཁྱབ་ནས་རྒྱུན་དུ་བྱས།། ཡ་ཙིག་ལ་ནི་སེང་གེ་མཚུགས་མེད་ཐོགས་ཤིང་རྒྱ་མཚོ་བསྐོར་ཞི་ང་ས་བཞི་གནོན།། སྟེང་གི་ཕྱོགས་ནས་ཙྪ་བའི་ཉི་མ་བྷཱ་བ་ལྔ་མོ་ཁྱོད་ཀྱི་སྟེད་ན་འཆར་ཞིང་སྲིད
93b4 གསུམ་ཟིལ་གྱིས་གནོན།། རྒྱ་མཚོ་ཀློང་ནས་མེ་འབར་ཆུ་རྣམས་སྐེམས་པར་ནུས་པའི་བུད་མེད་ཐམས་ཅད་མི་མཛད་མ།། ལྷ་མིན་སྐུ་དང་མཚམས་པར་བཞུགས་པའི་བཀའ་ཟློག་ནག་མོ་མེ་དང་ཕྱུག་ས་ན་ད་ཀུན
93b5 ལ་འཇིགས་པ་མེད་ལྟར་ཁྱོད་ཉིད་ལ།། བདག་ནི་གུས་པར་ཧྱག་འཚལ་མཆོད་ཅིང་བསྟོད་པར་བགྱི།། དེ་ནས་དཔལ་ལྷ་མོ་ལ།། བྲམ་ཟེ་མཆོག་སྲེད་ཀྱིས་ཀུན་རྫོབ་ལ་བསྟེན་ནས་བསྟོད་པ།། མ་ཅིག་ལྷ་མོ
93b6 དཔལ་ལྷ་མོ།། རྡོ་རྗེ་ལྷ་མོ་ནག་མོ་ཆེ།། མཐུ་ཆེན་ཐོབ་ལ་ཕྱག་འཚལ་བསྟོད།། བདག་ནི་བཙུན་པར་ཁྱོད་སྟོད་ན།། བ་ཀྲ་ཤིས་མཆོག་གྱུར་སེམས་བ་དེར་གནས།། ཡིད་འགྱུར་གཟུགས་བཟངས་ཀུན་ཏུ
93b7 གྲགས།། མ་མོ་གྲགས་ཤིང་འཇིག་རྟེན་སྐྱོང་།། དཔའ་བརྟུ་ལ་བརྩོན་འགྲུམ་དྲག་ཤུལ་ཆེ།། འཐབ་མོའི་གཡུལ་པས་རྟག་ཏུ་རྒྱལ།། གཤིན་རྗེའི་སྲིན་མོ་ཡིན་པར་སྟོན།། གོས་སུ་དང་གོས་སྔོན་པོ་གོན།།
iiif viewer powered by OpenSeadragon
93a - 94a