| | e-texts navigator
|
93a1 མ་བོང་བུ་ཞོན་པ་དེ་ནི་ནག་མོ་ཁྱོད་ཅིང་ཡིན་པར་ཤེས།། རལ་བས་བདག་ཉིད་མཛེས་པར་རབ་བརྒྱན་ཏེ།། ཁྱོད་ཀྱིས་སྤྱོད་པ་མཚོ་ཆེན་དོན་དག་སུ་ཡིཿ
93a2 ཤེས།། འཁོར་བ་འཇིག་པའི་ཚེ་ན་མི་རུས་དག་ལ་ཁྲག་དང་ཞག་འཛག་དུ་བཐུལ་བ་ནས།། ནག་མོ་མཆེ་བ་མི་ཟང་ཁྱོད་ཀྱིས་ཞལ་དུ་འགྲོ་ཀུན་མ་སྐད་ཅིག་ཙམ་དུ་ཞུགས་པར་འགྱུར།། སྣམ
93a3 ན་བ་ན་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་ཅན་དུ་དངོས་གྲུབ་དགྱེས།། ཁྱོད་ནི་གཡོག་བཅས་མྱ་ངན་མེད་ཅིང་འཆི་བས་འཇིགས་པའི་དྲི་ལ་ཡང་སྒྲོགས།། ཁྱོད་ཀྱིས་དཔའ་བོ་དག་གིས་མགོ
93a4 བཅད་གཡུལ་དུ་མཚོན་གྱིས་བསད་པའི་མགོ་ཕྲེང་ལག་ན་ཐོགས་ཤིང་གར་སྟབས་བསྐོར་ཞིང་ལག་པ་བརྐྱང་བསྐུམ་ཆེ།། སྐུ་སྨར་ཆེ་ཞིང་ཀླུ་དབང་གཤིབས་པའི་སྐ་རགས་འཆིང་ཞིང
93a5 ལག་ནུ་མདུང་བ་དན་ཐོགས།། ཁྲག་གིསྣ་ཆང་གི་ས་ར་རོ་མྱོས་ཏེ་མིག་རྩ་དམར་པོར་བྱས་ནས་མཚན་མོ་དུར་ཁྲོད་རྒྱུ་བ་འབྱུང་པོ་ཕལ་ཆེན་ཀུན་གྱིས་མཐོང་།། རྐང་པའི་གོས་ནི་ཀོ་རློན
93a6 ཆེན་པོས་སྨྲས་པས་གནམ་གྱིས་ཕྱེད་དཀྲི་ས་ཕྱེད་ནི་རེ་ལྡེས་དཀྲིས།། མིའི་རྒྱུ་མ་སར་པའི་སྦུབས་ཀྱི་ཞལ་གྱི་ཟླ་བ་ས་བརྒྱན་ཅིང་ཁྲག་དང་ཞག་གི་ཆོམ་བུའི་ཐིག་ལེ་ཅན།། མིའི་ཤལ
93a7 སོ་ནི་ཆེ་མཚམ་ཟ་ཞིང་མི་རོ་དག་གིས་ཅོད་པན་མགོ་ལ་བརྒྱན་པ་སྟེ།། བདག་ལ་སྟོབས་པའི་དྲག་མོ་མེ་ཤ་ཐོགས་པ་སྔ་ནས་མ་མཐོང་མཐོད་མཐོང་ན།། བདུད་སྲིན་མ་མོ་རྣམས་ཀྱང
iiif viewer powered by OpenSeadragon
92b - 93b