| | e-texts navigator
|
90a1 སྐུ་ནི་གཉིས་སུ་མེད་པས་བདེན།། འཁོར་བ་མྱ་ངན་གཉིས་སུ་མེད་པས་ཟག། སེམས་ཅན་སངས་རྒྱས་གཉིས་སུ་མེད་པས་འཕགས།། ལས་དང་རྣམ་སྦྱིན་གཉིས་སུ
90a2 ། མེད་པས་བསྟོད།། རྒྱུ་དང་འབྲམ་བུ་གཉིས་སུ་མེད་པས་སྦྱིན།། ཡུལ་དང་ཡུལ་ཅན་གཉིས་མེད་གཅིག་གིས་དང་།། སྤྲོས་དང་སྒྲོལ་དོན་དམ་དབྱིངས་ཀྱིས།། བསམ་པ་ཡེ་ཤེས་གཉིས་མེད་ཚོགས་ཅན་ཏེ།།
90a3 མཐོ་དམ་འ་བ་གཉིས་མེད་དག་པས་བསྟོད།། བདག་དང་གཞོན་གྱིས་ཚིག་ལ་གཅིག། གཟུང་དང་འཛིན་པ་གཉི་མ་མེད་ཟབ་པའི་མཐའ།། མཐོ་རིས་ངན་སོང་གཉིས་བྲལ་དག་པ་ཡིས།། གཞི་བཟང་ངན
90a4 ། མེད་པར་ནི་གཅིག་གིས་བསྟོད།། བསྐྱེང་དང་རྫོགས་པ་གཉིས་མེད་ལྷུན་གྱིས་གྲུབ།། སེམས་ཅན་ཕུང་པོ་གཉིས་སེམས་དཔའ་འདི་དང་།། བསྒྲུབ་དང་བསྒྲུབ་བྱ་གཉིས་སུ་མེད་པའི་ངང་།། བདག་གཞན་ག
90a5 མེད་ཚུལ་མཆོག་གཅིག་གིས་བསྟོད།། ཡབ་དང་འགྱུར་མེད་རྩོལ་བྲལ་ཕྱག་འཚལ་བསྟོད།། སྒྲ་ཚིག་གཉིས་མེད་བརྗོད་པ་མེད་པའི་ངང་།། ལུ་སངག་གཉིས་མེད་སེམས་ཉིད་གཅིག་པའི་ཚུལ།། རྩོལ་མེད
90a6 གཉིས་སེམས་ཉིད་གཅིག་པའི་ཚུལ།། རྣམ་པར་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྟོད།། བུད་མེད་སངས་རྒྱས་གཉིས་མེད་ཚུལ་གཅིག་པས།། དབྱིངས་དང་ཡེ་ཤེས་དམིགས་མེད་དོན་རྟོགས་ཏེ།། སྲིད་དང
90a7 རྣམ་གྲོལ་ཡང་དག་དོན་གཅིག་པས།། ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་ལོ།། ཕྱི་དང་ནང་གཉིས་གཉིས་ཨེ་ད་གཅིག་གི་ས་དང་། སེམས་ལ་སེམས་མེད་རྣམ་དག་ཞི་བའི་ངང་ཚུལ་ཅན།། སྣང་དང
iiif viewer powered by OpenSeadragon
89b - 90b