e-texts navigator
Collection
Volume
Page
Wylie

89b1 དམ་མཐོང་བའི་ས།། གཉེན་པོ་ཡེ་ཤེས་རིམ་པར་བསྒོམས་པ་ལ།། མཐར་ཕྱིན་ས་ལ་གཤེགས་པའི་དོན་མཆོག་ལགས།། ད་བས་ལྷ་མོ་ཁྱོད་ཀྱི་མཚན་ཉིད་ནི།། འདི་ལྟར་རབ་ལྡན་ཁྱོད་ཀྱིས་ཁྱད་པར་སྟེ།
89b2 དང་བློ་ཆོགས་བསགས་པ་ས། དང་བའི་མ་ལ་སྦྱིན་པའི་ཏི་བ་རྣས། རང་ཏུ་དག་པའིས་སཏི་ནི། ཟླུམ་པར་མཉགས་འབྱུང་བའི་ཏུལ་སྐྱེས་བཟུང་།། དཔའ་སྦྱིན་བྱུ་ཆུབ་སེམས་དཔའི་རྒྱུ
89b3 པར་ནི།། རང་སེམས་པ་ཉིད་དག་པ་བསྟེན་ནས་སུ།། དེས་ནི་ས་གསུམ་པ་ཡི་ཕ་རོལ་ཕྱིན།། རང་སེམས་བཞི་པའི་སལ་ཆེར་བསྒོམ་པས།། ལྔ་པའི་ས་ལ་བསམ་གཏན་ཕ་རོལ་སོང་།། རང་སེམས་དྲུག
89b4 པའི་ས་ལ་ཆེར་བསྒོམས་པས།། བདུན་པ་ལ་ནི་ཐབས་ཀྱི་ཕ་རོལ་སོང་།། རང་སེམས་བརྒྱད་པ་ཉིད་ལ་ཆེར་བསྒོམས་པས།། དཔལ་ལྡན་ལྷ་མོ་ནག་མོའི་སྨོན་ལམ་ཉིད།། དགུ་པ་ལ་ཡང་རྟགས་ཀྱི
89b5 ཡོན་ཏན་གྲུབ།། དེའི་རྟགས་ཀྱིས་ཡེ་ཤེས་འཕེལ་བ་གྲུབ།། བདག་ཉིད་རྣམས་ནི་རྫོགས་པར་བྱས་ན་ས་ནི།། སངས་རྒྱས་ས་ལ་སྨོན་ལམ་ཅན།། ས་བརྒྱད་ནོན་པའི་གཞོན་ནུའི་ཚུལ་འཆང
89b6 མ།། འགྲོ་བ་འདུལ་ཕྱིར་དྲག་པོའི་ཚུལ་འཆང་མ།། གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ།། བདག་ཀྱང་ཁྱོད་ཀྱིས་ལམ་ལྟར་མྱུར་གྲུབ་ཤོག། དྲ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པཎ
89b7 མགོ་ཅན་གྱིས།། དཔལ་ལྡན་ལྷ་མོ་ལ་གཉིས་སུ་མེད་པའི་སྒོ་ནས་བསྟོད་པ།། དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ།། དོན་དམ་སྤྲྀ་སོ་བྲལ་ཚས་ནི་འདི་ལས་བ་ཙ་ལོ།། དོན་དམ




iiif viewer powered by OpenSeadragon

89a - 90a

Texts on this page

Gkk3.6 - mkha' 'gro ma me lce 'bar ba'i rgyud