| | e-texts navigator
|
89a1 མཿང་རྒྱལ་ཁེངས་སེམས་སྤངས་པའི་ཡོན་ཏན་གྱིས།། ཞི་བའི་ཚིག་འཇམ་ལྷ་མོ་དབྱངས་བསྟན་པ།། ཚིག་རྩུབག་ཤེ་བའི་དངོས་པོ་མེད་པ་སྟེ།། ངག་རྩུབ་འདུས་མཛད
89a2 ། ཁྱོད་ལ་ཕྱག་འཚལ་བསྟོད།། རང་སེམས་སྣ་ཚོགས་ལོག་ལྟ་སྤངས་པའི་ཁྱད་པར་ནི།། འཛིན་པའི་རྣམ་པར་རྟོགས་རྣམས་སྤངས་པའི་རྟགས།། བདག་མེད་རྟག་སུ་རྣ་བ་སེང་གེས་བརྒྱན།། རྣ་བ་སེམས
89a3 སྤངས་པ་ཁྱོད་ལ་ཕྱག་འཚལ་ལོ།། གཟུགས་བཟང་བ་ཡི་ཡུལ་ལ་གནོད་སེམས་རྣམ་པར་སྤངས།། ཕྱི་རོལ་ཡུལ་གཉིས་མེད་ཆོས་སུ་གཟུགས་ཀྱིས།། གང་ལ་གནོད་སེམས་ཡང་དག་སྤངས་པ་སྟེ།
89a4 ། སྦྲུལ་གྱི་རྣ་ཆ་ཅན་ལ་ཕྱག་འཚལ་ལོ།། ལོགས་པའི་ལྟ་བའི་ཚོགས་ནི་རྣམ་སྤངས་ཏེ།། སངས་རྒྱས་ས་ལ་ཁྲུངས་པའི་གཟུགས་ཅན་ཁྱོད།། ལྟ་བ་རྣམ་པར་དག་པའི་ངང་ཚུལ་ཅན།། སྤྲོས་བྲལ་དོན་དམ་ཁྱོད་ལ
89a5 ཕྱག་འཚལ་ལོ།། འཇིག་རྟེན་འདི་ན་ལས་གཉིས་དམ་མ་དམ།། མ་ངག་མི་དགེ་བཅུ་ལས་ངན་སོང་གྲུབ།། དག་པ་དགེ་བ་བཅུ་ལས་མཐོ་རིས་གྲུག། ལས་ཀྱི་དགེ་བ་བཅུ་ལས་མཐོ་རིས་གྲུབ།། ལས་འདི་དགེ་བ
89a6 དང་པོ་བར་སྤྱད་པས།། གོང་མའི་ས་ལ་རབ་རྫོགས་ཀྱང་།། དགེ་བ་བཅུའི་རྟགས་ནི་སྨན་པའི་ཞིང་འདིར་བསྟན།། འདུག་པའི་ཚུལ་གྱིས་འགྲོ་བ་འདྲེན་མཛད་མ། ཁསྟོད་པར་འོས་པ་ཁྱོད་ལ་ཕྱག་འཚལ
89a7 བསྟོད།། དེ་ནོས་དཔལ་ལྷ་མོ་ནག་མོ་ལ།། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱིས།། ལས་རྣམ་པ་ལྔའི་ཚུལ་ནས་བསྟོད་པ།། དམ་པ་རྣམ་ཀྱིས་བགྲོད་པའི་ཁྱད་པར་ནི།། ཚོགས་ཀྱིས་སྦྱངས་ནས་དོན
iiif viewer powered by OpenSeadragon
88b - 89b