e-texts navigator
Collection
Volume
Page
Wylie

88b1 ཡ། དགེ་བ་བཅུའི་སྒྲོན་ས་བསྟོད་པ།། སྔོན་འདས་བསྐལ་བ་དང་པོའི་ཕ་རོལ་ནས།། དགེ་བ་བཅུའི་ལས་ལ་རང་སེམས་ཆེར་སྦྱངས་པ་ནས།། ལམ་གྱིས་བྱུང་བར་གོང་མ་མ་རྫོགས་ཀྱང་།། མཐོ་རིས་སྐྱེ་བ་རྣམས་པ
88b2 བཅུའི།། ཚུལ་གྱིས་དོན་མཛད་ཕྱི་རོལ་དབང་བསྒྱུར་བའི།། དཔལ་ལྡན་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། འདས་པའི་དུས་ནི་སྲོག་གཅོད་རབ་སྤངས་པའི།། སྐུ་ཚེ་རིང་ཞིང་གཟུགས་བྱས་ཕྱོགས།། གཞན་གྱིས
88b3 ལན་ཆགས་གནོད་པའི་རྐྱེན་དང་བྲ་ལ།། འཆི་བདག་འཇིམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། མ་སྦྱིན་ལེན་པའི་ཚུལ་ལ་རབ་སྦྱངས་པས།། བསོད་ནམས་ཚོགས་ཀྱིས་ལོངས་སྤྱོད་ཕུན་སུམ་ཚོགས།། གཏེར་གྱིས
88b4 ལོངས་སྤྱོད་མི་འགྱུབ་རབ་མཉེས་པ།། སྦྱིན་པའི་གཏེར་འཆང་ཁྱོད་ལ་ཕྱག་འཚལ་བསྟོད།། མི་ཚངས་སྤྱོད་པའི་དཀར་ཐུབ་རབ་བསྲུངས་པས།། མངལ་གྱི་གྲོང་ཁྱེར་སྨན་ལས་རྣམ་པར་འཕགས།། སྲིད
88b5 འདོད་ཆགས་རིང་དུ་སྤང་བ་སྟེ།། དགེ་སྦྱོང་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། ཉོན་མོངས་རྫུན་ཞིང་པངས་པའི་ཡོན་ཏན་གྱིས།། བཀའ་སྩལ་གང་གིས་འཇིག་རྟེན་འདུལ་བའི་གཙོ།། བསྲུངས་མཆོག་རྣམ་པ
88b6 གཉིས་པའི་རང་ཞིང་ཏེ།། བདེན་རབ་བསྙུངས་པ་ཁྱོད་ལ་ཕྱག་འཚལ་བསྟོད།། གང་འཁྱལ་སྤངས་པའི་ཡོན་ཏན་སྨིན་པ་ཡི།། ཏིང་འཛིན་རྩེ་གཅིག་མི་གཡོའི་བར་ཆད་སྤངས།། དགོས་འབྲེལ་ཚུལ་གྱིས་བསྟན་པ
88b7 སྐྱོང་མཛད་པའི།། བྱིས་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། ཕྲ་མའི་སྐྱོན་སྤངས་མི་ཕྱེད་འཁོར་དང་ལྡན།། ཉིད་ལ་རྣམ་པར་འདུད་པའི་འཁོར་གྱིས་བསྐོར་ག། ལྷ་དང་ལྷ་མིའི་བདེན་པས་འདུལ་མཛད




iiif viewer powered by OpenSeadragon

88a - 89a

Texts on this page

Gkk3.6 - mkha' 'gro ma me lce 'bar ba'i rgyud