| | e-texts navigator
|
88a1 @#། དབྱུག་བྱེད།། འཕྲིན་ལས་རྣམ་པཞི་གང་བཅོལ་འབྱུག། རྡོ་རྗེ་དཔལ་ལྡན་མོལ།། གང་ཅནའི་སྦྱིམ་སྲེག་དབྱ་།། རེས་དུ་ནད་པའི་ལུས་ལ་བསྐུ།། ནང་པ་དག་ནི་འཚོ་བར་བྱེད།
88a2 3། ཡང་ན་རྡོ་རྗེ་ནག་མོ་ལ།། ཆང་དང་གིའུ་ཝ་ང་སྦྱིན་སྲེག་དབུལ།། རིལ་བུ་བྱིས་པའི་ལྟེ་བར་བསྐུ།། སྲིའུ་དག་ཀྱང་འཚོ་བའོ།། རྡོ་རྗེ་དཔལ་ལྡན་ནག་མོ་ལ།། ཏིལ་མར་སྐྱེ་ཚེའི་སྦྱིན་སྲེག་དབུལ།། རིལ་བུ་མེ་རུ་བསྲེག་པས་ན།།
88a3 དགྲ་ལ་ཐོག་དང་སེར་བ་འོང་།། རྡོ་རྗེ་ལྷ་མོ་ནགོ་མོ་ལ།། མར་དང་ཨུ་ཏིག་སྤྲིན་སྲེག་དབུལ།། རིལ་བ་ད་པྲལ་བའི་དབུས་སུ་བསྐུ།། རྒྱལ་པོའི་ཆད་པ་མི་འགྱུར་ཞིང་།། མེ་དོང་ཆུས་ཀྱང་མི་ཚུགས་སོ།། རྡོ་རྗེ་མཁའ་འགྲོ
88a4 མཀུན་ལ།། མེ་ཏོག་བུ་རམ་སྦྱིན་སྲེག་དབུལ།། རིལ་བུ་ལྟེ་བར་བསྐུས་པ་ནི།། སྦྲུལ་དང་གཅན་ཟན་གྱི་མི་ཚུགས།། བྱང་སྐྱེམ་ས་དག་ཀྱང་ཟློབ་པར་འགྱུར།། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས།། རྫུ་འཕྲུལ་པ
88a5 དྲུག་གི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནམ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ།། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་ཏེ།། འཁོར་འདུས་རྣམས་ཀྱིས་མངོན་པར་བསྟོད་པ།། བཅོམ
88a6 ལྡན་འདས་མགོན་པོ་རྡོ་རྗེ་འཛིན།། སྐུ་གསུམ་ཡེ་ཤེས་སྔར་ལྡན་ཞིང་།། ཐབས་དང་ཤེས་རབ་བདག་ཉིད་ཅན།། རིགས་སྔགས་ཀུན་གྱིས་སེང་གེ་འཛིན།། སྲིད་པ་གསུམ་གྱིས་བསྐུར་བའི་གནས།། ལྷ་སྲིན
88a7 བརྒྱད་ཀྱིས་མཆོད་པའི་ཞིང་།། ཉོན་མོངས་བདུད་ལས་རྣམ་པར་རྒྱལ།། ཕྱག་ན་རྡོ་རྗེ་ཁྱོད་ལ་བསྟོད།། དེ་ནས་ཡང་འཁོར་གྱི་ནང་ནས།། ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟན་ལས་ལངས་ཏེ།། དཔལ་ལྷ་མོ་ནས
iiif viewer powered by OpenSeadragon
87b - 88b