e-texts navigator
Collection
Volume
Page
Wylie

87b1 ནཱི།། ཆུའི་སྟེང་དུ་འགྲོ་བར་བཤད།། མ་མོ་མཁའ་འགྲོ་དཔོན་གཡོག་ལ།། ཆང་དང་རྒོད་ཀྱི་སྦྱིན་སྲེག་དབུལ།། རིལ་བུ་ཡན་ལག་བཞི་ལ་དཀུ།། བདག་ནི་ནམཁའ་དག་ལ་འཕུར།། རྡོ་རྗེ་མཁའ་ལ་འགྲོ་བ་ལ།
87b2 གས་ས་ས་པ
87b3 ད་ནི་བདག་གི་གན་དུ་ཁུགས།། རྡོ་རྗེ་ནད་མོ་ཆེན་མོ་ལ།། ཆང་དང་སྤང་རྒོད་སྦྱིན་སྲེག་དབུལ།། དེ་ནས་རིལ་བུའི་མིག་ལ་བསྐུ།། སྲིད་པ་གསུམ་ཡང་དུས་གཅིག་མཐོང་།། རྡོ་རྗེ་མཁའ་འགྲོ་ཆེན་མོ་ལ།། མར་དང་ཁཱ་ཏི
87b4 སྦྱིན་སྲེག་དབུལ།། རིལ་བུ་རྐང་པའི་མཐིལ་དུ་བསྐུ།། ཉིན་གཅིག་དཔག་ཚད་བརྒྱད་ཁྲིར་ཕྱིན།། རྡོ་རྗེ་ལྷ་མོ་ནག་མོ་ལ།། ཁྲག་དང་མར་ཁུའི་སྦྱིན་སྲེག་དབུ་ལ།། རིལ་བུ་མཆན་ཁུང་གཉིས་བསྐུས་ན།། རང་ལུས་སུ་ས
87b5 ཀྱང་མི་མཐོང་ངོ་།། དཔལ་ལྡན་ལྷམོ་དཔོན་གཡོག་ལ།། འབྲས་དང་བུ་ཟམ་སྦྱིན་སྲེག་དབུལ།། རིལ་བུ་ཁོང་བར་མཐུངས་པ་ན།། ཚེ་སྟོང་ལོ་ནི་ཐུབ་པར་ངེས།། ཕྱག་ན་རྡོ་རྗེ་མ་མོ་ལ།། འབྲུ་དང་མར་བུའི་སྦྱིན
87b6 སྲེག་དབུལ།། རིལ་བུ་ལུ་ས་ལེ་བསྲེལ་བ་ལ།། ནོར་གྱིས་གཏེར་ལ་སྤྱོད་པར་འགྱུར།། དེ་ནས་མཁའ་འགྲོ་མ་ལ་ནི།། ཏིལ་དང་མེ་ཤའི་སྦྱིན་སྲེག་དབུལ།། ཨ་རུ་ས་ཏེ་འོམ
87b7 བུ་དེ།། མི་རོ་སར་པའི་ཁར་བཅུག་ནས།། མ་མོའི་སྙིང་པོ་འབུམ་བཟླས་ན།། མི་རོ་ལངས་ནས་དངོས་གྲུབ་གཏེར།། གསེར་དང་དངུལ་དུ་བསྒྱུར་ཡང་རུང་།། ཡང་ན་དེ་ལ་རལ་གྱི་སྦྱིན།། ཅི་འདོད་པོ་ཉ་མངས




iiif viewer powered by OpenSeadragon

87a - 88a

Texts on this page

Gkk3.6 - mkha' 'gro ma me lce 'bar ba'i rgyud