e-texts navigator
Collection
Volume
Page
Wylie

86b1 དེ་ནི་ཁྲི་ཚོ་གཉིས་སུ་གསག། ཉུང་ཀར་ཐལ་ཆེན་དག་ལ་སྔགས་པ་གདག། གུ་ལིང་དུར་ཁྲོད་སྙིང་དུ་སྤད་ངམ།། གང་ལ་བྱ་བ་དེ་ནི་ཞག་བདུན་ལེན།། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། མར་མེ་དང
86b2 བདུད་རྩི་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོབ་ཏོ།། ཀྱེ་བདེ་བ་ཆེན་པོ་དེ་རྗེ་འཆད།། འཁོར་བའི་རྒྱུན་ལས
86b3 བཅད་པ་དང་།། ཡེ་ཤེས་ནུས་པ་བསྐྱེད་པའི་ཕྱིར།། ཐིག་ལེ་ཡེ་ཤེས་མན་ངག་འདི།། སྙིང་རྗེ་ཅན་གྱིས་བཤད་དུ་གསོལ།། ཞེས་ཞུས་པའི་ཚེ།། དཔལ་ཕྱག་ན་རྡོ་རྗེ་དེས། གསང་བའི་ཐུགས་ཀ་ནས།། ཡེ་ཤེས་འབྱུང་བའི་འོད་ཟེར
86b4 བསྐྱེ་ནས།། འཛུམས་པའི་མདངས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཡེ་ཤེས་རྡོ་རྗེའི་ཐིག་ལེ་ནི། ཐུན་མོངས་མ་ཡིན་ཤེས་པར་དཀའ།། དོན་དམ་ཀུན་རྫོབ་གཉིས་སུ་བཤད།། དོན་དམ་སེམས་ཀྱི་སྤྱོད་ཡུལ་ལོ། ཀུན་རྫོབ
86b5 ལེས་ཀྱི་ཕྱག་རྒྱ་དངོས།། རྒྱལ་རིགས་བུ་མོ་དེ་ལ་རྟེན།། རང་རིག་རྩལ་གྱིས་རླུང་གཡོས་ཏེ།། རླུང་གིས་ཐིག་ལེ་ཡེ་ཤེས་མེ།། རྡོ་རྗེ་གསང་བས་ས་བོན་བསྐུལ།། རྟོག་མེད་གསལ་བའི་ཐེག་ལེ་ལོ།། མི་བསྐྱོད་མཉམ་པར
86b6 སེམས་བཏང་ལ།། མར་མོའི་རྩེ་མོ་ལྟ་བུར་རྟགས།། གནས་བརྩ་ལ་ནི་མཁའ་ལ།། སྲོག་འདྲེན་ཐིག་ལེ་འོམ་པའི་ཚེ།། བརྟན་དང་གཡོ་བའི་དངོས་པོ་ཀུན།། བདེན་གཉིས་བྱང་ཆུབ་དོན་གསལན།། དངས་མཆུའི་གཟུ།
86b7 ཅན་བཞི།། རྒྱལ་བའི་གོ་འཕང་རང་ལ་འཆང་།། མཁའ་འགྲོ་མའི་རང་བཞིན་འགྲུབ།། ལྷན་ཅིག་སྐྱེས་པ་མ་མོའི་དོན།། མཁའ་འགྲོ་མ་མེ་ལུ་འབར་བའི་རྒྱུད་ལས།། ཡེ་ཤེས་ཀྱི་ཐིབ་ལེ་བཤར་བའི་ལེའུ་སྟེ་ཉི་ཤུ




iiif viewer powered by OpenSeadragon

86a - 87a

Texts on this page

Gkk3.6 - mkha' 'gro ma me lce 'bar ba'i rgyud