e-texts navigator
Collection
Volume
Page
Wylie

85b1 སྐུ་དགྲལ།། ལྟས་ངན་བྱ་ནག་དབབ་པ་ནི།། དང་པོ་བྱ་ནག་གཟུགས་བྱས་པ།། བཅུ་གཉིས་དབང་གིས་རིམ་པར་བསྐུལ།། དེ་ནས་བྱ་ལ་མ་མོ་དཔག། བྱ་དེ་མིག་རྩ་རྒོད་པ་འམ།། སྐད་འབྱིན་པ་ཤོག་པ་སྡེག
85b2 བེ་ན།། མ་མོ་ཕེབས་པའི་རྟགས་ཡིན་པས།། བྱི་དང་ནང་གི་མཆོད་པ་བྱ།། ཕྱག་རྒྱ་དགུ་ནི་རབ་བརྟན་ལ།། དབང་བསྐུར་དམ་ཚིག་སྦྱིན་པར་བྱ།། དེ་ནས་མ་མོའི་བསྐུལ་སྔགས་བྱས།། ལས་ལ་བསྐུལ་བའི་ངམ
85b3 རྫས་སྲེགས།། སྔགས་འདི་བྱ་དེ་སྥུ་ར་ལ་བཏང་།། ཨོཾ་ཀྐ་ཏྲ་ག་རགྣ་ཙིཏྟ་ཁ་ར་ག་མོ་ཙིཏྟ་དུད་དུད་ཛ་ཤ་ཡུ་ཏེ་བྷྱོ་ར་མ་ཏི་རཀྵ་སི་རུ་ལུ་རུ་ཕུ་པྲོ་མཧཱ་སྟི་པྲ་དུན་བྷྱོ་ཀརྨ་ས་མ་ཡ་དྷྱ་བྷྱོ།། ཞེས་སྦྱར་ཡ་བཏང་ངོ་།། དེས་ནི་བྱ་ནག་གང
85b4 དུ་སྨོང་པར་འགྲོའོ།། མཁའ་འགྲོ་མ་མེ་བྷེ་འབར་བའི་རྒྱུད་ལས།། ལས་སོ་སོའི་བྱེ་བྲག་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལའི
85b5 སྐད་ཅེས་གསོལ་ཏོ།། ཀྱེ་རིགས་སྔགས་གསང་སྔགས་བདག་པོ་གསང་བ་པ།། རྡོ་རྗེ་ཐེག་ཆེན་བསྟན་པ་བསྲུང་བའི་ཕྱིར།། བདུད་རྩིའི་རང་བཞིན་མར་མེ་གསོད་པ་ཡིས།། སྐྱེས་བུ་ཆེན་པོས་མན་ངག་བཤད་དུ
85b6 གསོལ།། ཞེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་རྗེའི་བཀའ་སྩལ་པ།། ལྔ་བརྒྱ་དུས་མཐའི་མེ་ལྟར་འབར་བའི་ཚེ།། ཉམས་པ་བསད་པའི་སྦྱོར་བ་བ་ཤད་དུ་གསོལ།། དང་པོ་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས།།
85b7 སྐབས་སུ་བསད་པའི་ལས་ལ་འཇུག་པ་ནི།། དང་པོ་ལ་མཚན་མ་ཕེབས་པའི་བསྙེན་པར་བྱ།། གཏོར་མ་སྦྱིན་སྲེག་ཏི་ར་ས་མཆོད་བྱས་ལ།། ཁང་ས་རྐང་རྗེས་དྲི་ཆུ་སྐ་བ་ག་ད་ལ།། ག་ང་ལ་བྱ་བའི་གཟུགས་བྱ




iiif viewer powered by OpenSeadragon

85a - 86a

Texts on this page

Gkk3.6 - mkha' 'gro ma me lce 'bar ba'i rgyud