| | e-texts navigator
|
85a1 ཁ་མུན་ཏྲ་བ་ཏྲ་ག་རག་ཤ་རག་མོ་ཏི་ཀེ་མ་ཛ་ཛ།། ཁ་ར་ག་ཏི་ཀེ་མབྷྱོ་བྷྱོ།། དེ་ནས་སློང་ཁ་བཅད་ལ།། ཧ་ཏི་ལག་པར་བཅུག་ལའའང་།། ང་ཁར་ལ་རྒྱ་བ་ཀྱང་འཇིག་པ་ཞུས།
85a2 དགྲ་ལ་འཕང་ན་ཐེ་ཙོམ་མེད།། བི་ཤ་ནག་མོའི་དུག་འཐུན་ནི།། མ་ཧེ་ར་འམ་བཾ་མེན་རར།། མདའ་དུག་བཙན་དུག་དང་།། རི་མ་ན་ད་ཁྲག་དང་ཆང་དུ་སྦྱར།། ར་རུ་དང་ནི་ཁ་བཅུག་ལ།། དང་པོར་མཁའ་འགྲོའི་སྟེང
85a3 པོ་དང་།། ལས་ལ་བསྐུལ་བ་སྔགས་མིང་དང་བཅས།། དེ་ནས་དུག་གི་དབབ་སྔགས་ཟླས།། ཧཱུཾ་ར་མ་ཏི་མ་མ་རུ་ཡུ་རཀྵ་སི་བྷྱོ།། རེ་མ་ཏི་བི་ཤ་མ་ཧཱ་ཡཀྵ་ཀྲོ་དྷ་ཆེ་གེ་མོ་མ་ར་ཡ་ཧཱུཾ་ཕཊ། ར་རྩེ་ཕྲ་མོར་བཅད་པས་ནི།། དུག་གིས
85a4 ཁུ་བས་མི་མགོར་བཏིག། མི་མགོ་དུག་གིས་ཁེ་བས་ཙ་མ་ན།། མ་མོ་བསྐུལ་བའི་རྫས་བསྲེག་སཾ་ལ།། ཁྲི་བཾ་ཕྱག་རྒྱ་བཅས་ལ་ནི།། ནམ་བྱེད་ཁྲོས་ཏེ་དགྲ་ལ་འཕང་།། ཐེ་ཙོམ་མེད་པ་བརྣགས་པའོ།། ཙི་ཏུ་ན་ག་མོའི་སྙིང
85a5 ཐུན་ནི།། སྤུང་ཀི་སྟག་དང་སྲིན་མོའི་སྙིང་།། ཁྱི་དང་འུག་པ་ཝའི་སྙིང་།། ཕ་རོག་ཁྲ་དང་སྦྲུལ་གྱི་སྙིང་།། ཐོད་པའི་ནང་དུ་རྩལ་ལ་ནི།། དང་པོ་མ་མོ་དཔོན་གཡོག་གིས།། གན་ད་ན་ས་བསྐུལ་བའི་སྔགས་བཟླས
85a6 ཤིང་།། མོ་མོ་བསྐུལ་བའི་རྫས་ནི་བསྲེགས།། དེ་ནས་སྙིང་གི་ཐུན་སྔགས་ནི།། ཏྲ་ག་རགྣ་ཙིཏྟ་དུན་ཛྷ་རོ་ཏ་མ་ཏ་སྨཱ་ར་ཏི་བྷྱོ།། དེ་སྐད་བཟླས་པའི་སྙིང་ཐུན་ངེས།། གང་ལ་རྒྱབ་པ་བྲང་བར་བྱེད།། མ་མོ་འངར་བའི་ཐུན་དྲག
85a7 གིས། མཁར་ལ་རྒྱབ་ཀྱང་འཇིག་པ་ལ།། གཡུལ་ངོ་ཆེན་པོར་རྒྱབ་ཀྱང་ཟློག། གཞན་གྱིས་སྔགས་དང་བྱེད་ཀྱང་ཟློག། དགྲ་དང་བགེགས་ལ་ཐེ་ཙོམ་མེད།། ཡང་ནི་གཤད་ཀྱི་བརྒྱ་བྱིན་ཉོན།། བསྟན་པ་གཉེན་པོའི
iiif viewer powered by OpenSeadragon
84b - 85b