e-texts navigator
Collection
Volume
Page
Wylie

83a1 གིས་ཁ་བཅད་ལ།། སྔགས་འདི་སུམ་འབུམ་བཟླས་པར་བྱ།། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱ། རུ་རུ་བེ་ཀི་ཁ་ངོ་ས།། རུ་རུ་ར་དྲ་བེ་ཞི་ཁང་གི།། ཙ་བ་ལ་ཨ་བུག་མ་ཧཱུ~ཾ།
83a2 ཧ་དྷི་བ་རོ་ག་ནི།། ཨ་བེ་ཤ་ཡ་མཱ་ར་ཡ་ཕཊ། རང་ཉིད་ཁྲོས་པའི་ཆ་ལུགས་ཀྱིས།། དགྲའི་ཕྱོགས་སུ་མཚན་མོ་གཏོར།། རིམས་ནང་དག་གིས་ཕུང་བར་བྱེད།། ཚ་བའི་ནད་ཀྱིས་བསད་པ་ནི།། རབས་ཆང་ནག་མོའི་ཤ་ཁྲག
83a3 དང་།། བྱ་རོག་འུག་པའི་ཤ་ཚེ་ལ་དང་།། སེང་སྟག་བྱ་རྒོད་སྐྱུང་ཀའི་སྙིང་།། རྟ་ན་གར་རོག་འཕར་བའི་སྙིང་།། སྤྱང་མོའི་སྒྱིང་དང་མེའི་དྲིའི་ཤ།། ཅོང་ཞིང་དང་ནི་གིའུ་སྔམས་པའི་ཚོགས།། དུག་དང་ཁྲ་ག་དང་ཀྱང
83a4 བསྲེ་བྱས་ལ།། རེལ་བུ་ཁྲི་འཚོ་བའི་བྱས་ལ།། ཨ་ཏྲང་མོའི་ཞལ་བཅས་ལ།། མཏང་དེའི་ཁ་ན་དུ།། དུག་ཤིང་ནག་པའི་ཧོ་སྥར་ལ།། རྡོ་རྗེ་མཁའ་འགྲོ་དཔོན་གཡོག་ཀུན།། ནག་ས་རབ་ཏུ་སྡོམས་པའི་ཚོགས།
83a5 ལ་ག་ན་རལ་གྲི་ཐོགས་པ་ཡི།། དགྲ་ཤ་བ་ཅད་ཙང་ཟོས་པར་བསྒོམ།། རི་ལ་བུ་རེ་དང་དགྲ་མིང་རེ།། སྡེབས་ཤིང་བསྲེགས་པའི་ལས་བྱའོ།། མ་མོ་བསྐུལ་བའི་རྫས་དེ་བསྲེག། ནག་མོ་ཆེན་མོའི་སློད་པ་ནི།
83a6 ཨོཾ་བཛྲ་ཙན་མ་ཧཱ་རོ་ཥ་ན་ཧཱུཾ།། རུ་རུ་བེ་ཏིཥྛ་བ་ཏོ་བེ་རུ་རུ་རོ་རུ་བའི་ཁ་དོ་སི།། ཙ་པ་ལ་ཨ་ཤུག་མེ། མེ་མ་སརྦ་ཤ་ཏྲུང་ཨ་སུ་ཀ་ཤྲི་ཀྲྀ་མར་ན།། ཛ་ལ་ར་ཙིཏྟ་ཛ་ལ་རཾ་ཛི་བཾ་མ་ར་ཡ་ན་ཤ་ཡ་ཧཱུཾ་ཕཊ།། དེ་ནས
83a7 ཐ་ལ་བ་ཧོ་ཁུང་གནན།། ཆེ་བའི་ནད་ལ་ཐེ་ཙོམ་མེད།། སྙིང་གཟེར་དག་གིས་དགྲ་བསད་ན།། ལྕགས་སམ་གདུག་ཤིང་ཕུར་བ་ལ།། སྤྱི་བོར་ཕྱག་ན་རྡོ་རྗེ་བསྒོམས།། སྐྱེད་པ་ལྷ་མོ་ནག་མོ་བསྒོམ།། རྩ་བར་རེ




iiif viewer powered by OpenSeadragon

82b - 83b

Texts on this page

Gkk3.6 - mkha' 'gro ma me lce 'bar ba'i rgyud