| | e-texts navigator
|
82b1 མོ་བདུན།། སྲིན་བལ་ནང་དུ་རབ་དྲི་ཡ་ཡ།། ལྷ་མོ་དཔོན་གཡོག་སྙིང་པོ་བཟླས།། སྲིན་པ་ལ་ཐུན་བུ་ཤིང་ལ་གདགས།། མི་མ་མཐོང་བར་ལུས་ལ་བཅའ།། བདག་ནི་སུས་ཀྱང་མི་མཐོང་ངོ་།། མཁའ་འགྲོ
82b2 མ་མེ་ལྕེ་འབར་བའི་རྒྱུད་ལས། ལས་སོ་སོའི་སྦྱིན་སྲེག་གི་ལེའུ་སྟེ་བཅུ་བདུན་པའོ།། །། ཉོན་ཅིག་ལྷ་དབང་བརྒྱ་བྱིན་ཏོན།། བསྟན་པ་གཉན་པོ་འཇིག་པ་དང་།། རྡོ་རྗེ་སློབ་དཔོན
82b3 བརྙས་པ་དང་།། རྡོ་རྗེ་ཕུན་ལ་ཁྲུས་རྩོད་དང་།། ལས་ཀྱི་བྱེ་བྲག་དམ་པ་དང་།། བསད་པའི་སྦྱོར་བ་རབ་ཏུ་བཤད།། རྗེ་མོས་བསད་པའི་ལས་བཞི་དང་།། འཁོལ་མོ་ནག་མོའི་ཐུན་དྲུག་ནི།། ངས་གསུངས
82b4 པ་ལ་ཐེ་ཙོམ་མེད།། བསད་པའི་ལས་བཞི་བསྟན་པ་ནི།། དང་པོ་ཁྲག་ནད་འབར་བ་དང་།། གཉིས་པ་རིམ་ས་ནད་འབར་བ་དང་།། གསུམ་པ་ཚ་བ་འབྲུམ་ནག་འབར།། བཞི་པ་སྙིང་གཟེར་འབར་བའོ།།
82b5 ནད་བཞི་གང་འདོད་ངེས་པར་བཤད།། ཁྲ་ག་ནད་དག་གིས་དག་བ་སད་ན།། རོ་རྗེས་རས་ལ་ལིང་ག་བྲིས།། ཚ་བ་གསུམ་གྱི་ཁུ་བས་བཀྲུག། ཟླས་པ་བྱ་ཞིང་གཏོར་མ་བཏང་།། ཕེབས་པར་བྱ་ཞིང་བསྐུབ
82b6 བར་བྱ།། ཨོཾ་བཛྲ་ཙཏྟ་མ་ཧཱ་རོ་ཥ་ནེ་ཧཱུཾ།། ཨོཾ་རུ་རུ་བེ་ཏིཥྛ་བ་ཏི་སི།། ཙ་པ་ལ་ཨ་ཤུ་ག་མེ།། ཆེ་གེ་མོ་ཨ་མུ་ཀ་རཀྟ་རོ་གེ་ན་མ་མ་ར་ཡ་ཧཱུ~ཾ་ཕཿ། ཁྲི་ཆོ་གཅིག་ཏུ་ཟླ་ས་བྱ་ས་ལ།། ལིང་ག་ག་ཏོར་མར་དབུལ
82b7 བར་བྱ།། ཁྲག་ནད་དག་གིས་འཆི་བའོ།། ད་ནི་རིམས་ན་དེ་དབབ་པ་བཤད།། བ་ཙན་དུག་མདའ་དུག་རྒྱུ་གཟེར་ཁྲག། ཆང་དང་ལོ་དྲུག་ཁྲག་སྣ་བཞི།། ཐོད་པ་དུམ་བུ་བརྒྱད་པར་རྩལ།། ཞིང་རས་དག
iiif viewer powered by OpenSeadragon
82a - 83a